欢迎来到 小样儿目录

才让桌嘎、尊追 - 家园

家园 - 才让桌嘎/尊追
词:叶热岗
曲:不丹民间
ཆར་བསིལ་མ་དགུང་གི་དངོས་གྲུབ་རེད།།
རྩྭ་རྩི་ཐོག་ཀླུ་ཡི་ཕོ་བྲང་རེད།།
རླུང་བསེར་བུ་ལས་ཀྱི་སྨོན་ལམ་རེད།།
སེམས་བསམ་པ་དུང་དཀར་གཡས་འཁྱིལ་ཡིན།།
ངས་ཁྱེད་ལ་བཀྲ་ཤིས་ཁ་བཏགས་འཐེན།།
ངས་ཁྱེད་ལ་བསྟོད་པའི་ཤིས་གླུ་ལེན།།
ཁྱེད་འཛད་མཐའ་མེད་པའི་རྨི་ལམ་ཞིག།
ངས་ཁྱེད་ལ་བཀྲ་ཤིས་ཁ་བཏགས་འཐེན།།
ངས་ཁྱེད་ལ་བསྟོད་པའི་ཤིས་གླུ་ལེན།།
ཁྱེད་འཛད་མཐའ་མེད་པའི་རྨི་ལམ་ཞིག།
ལས་ཀྱིས་ཐོབ་པའི་ཕ་ཡུལ་ནི།།
བརྗེད་མེད་སེམས་ཀྱི་དྲན་ཤིང་ཡིན།།
བརྩེ་འདང་ལུས་ཀྱི་པང་ཁུགས་ནས།།
ང་ཡི་མི་ཚེའི་མེ་ཏོག་བཞད།།
སྤྲིན་ལང་ལོང་ནམ་མཁའི་ཤམ་བུ་རེད།།
ཁྱེད་འཛད་མཐའ་མེད་པའི་གཏམ་རྒྱུད་ཅིག།།
ན་མེ་ཏོག་སྤང་གི་བག་མ་རེད།།
རི་མཐོན་པོ་ནམ་མཁའི་བ་དན་རེད།།
ནགས་ལྗོན་ཤིང་སེམས་ཀྱི་མངའ་ཐང་རེད།།
ངས་ཁྱེད་ལ་རེ་བའི་སྨོན་འདུན་ཞུ།།
ངས་ཁྱེད་ལ་སྙན་པའི་པི་ཝང་དཀྲོལ།།
ཁྱེད་འཛད་མཐའ་མེད་པའི་གཏམ་རྒྱུད་ཅིག།།
ངས་ཁྱེད་ལ་རེ་བའི་སྨོན་འདུན་ཞུ།།
ངས་ཁྱེད་ལ་སྙན་པའི་པི་ཝང་དཀྲོལ།།
ལས་ཀྱིས་ཐོབ་པའི་ཕ་ཡུལ་ནི།།
བརྗེད་མེད་སེམས་ཀྱི་དྲན་ཤིང་ཡིན།།
བརྩེ་འདང་ལུས་ཀྱི་པང་ཁུགས་ནས།།
ང་ཡི་མི་ཚེའི་མེ་ཏོག་བཞད།།
དགུང་ཉི་ཟླ་ཕ་མའི་བརྩེ་བ་རེད།།
ནང་སྐར་ཚོགས་ཕུ་ནུའི་དཔུང་རོགས་རེད།
ལས་སོ་སོར་བྱ་བ་ཡོད་ན་ཡང་།།
ཁྱིམ་བཟའ་ཚང་ལས་ཀྱི་སྨོན་ལམ་ཡིན།།
ངས་ཁྱེད་ལ་གཙང་མའི་འོ་ཇ་འདྲེན།།
ངས་ཁྱེད་ལ་སྙན་པའི་བསྟོད་གླུ་ལེན།།
ཁྱེད་འཛད་མཐའ་མེད་པའི་ལོ་རྒྱུས་ཤིག།།
ངས་ཁྱེད་ལ་གཙང་མའི་འོ་ཇ་འདྲེན།།
ངས་ཁྱེད་ལ་སྙན་པའི་བསྟོད་གླུ་ལེན།།
ཁྱེད་འཛད་མཐའ་མེད་པའི་ལོ་རྒྱུས་ཤིག།།
ལས་ཀྱིས་ཐོབ་པའི་ཕ་ཡུལ་ནི།།
བརྗེད་མེད་སེམས་ཀྱི་དྲན་ཤིང་ཡིན།།
བརྩེ་འདང་ལུས་ཀྱི་པང་ཁུགས་ནས།།
ང་ཡི་མི་ཚེའི་མེ་ཏོག་བཞད།།
ལས་ཀྱིས་ཐོབ་པའི་ཕ་ཡུལ་ནི།།
བརྗེད་མེད་སེམས་ཀྱི་དྲན་ཤིང་ཡིན།།
བརྩེ་འདང་ལུས་ཀྱི་པང་ཁུགས་ནས།།
ང་ཡི་མི་ཚེའི་མེ་ཏོག་བཞད།།
热门歌词