欢迎来到 小样儿目录

洛桑巴旦 - 那曲羌塘扎西锅庄

༼བཀྲ་ཤིས་བསྟོད་གླུ་སྙན་མོ༽
那曲羌塘扎西锅庄
ཚིག་ ཉམ་ཆུང་རི་བོང
歌词:弱小的兔子
དབྱངས་ རང་གསལ་དཔལ་ལྡན་
作曲:让桑巴旦
ལེན་མཁན་ བློ་བཟང་དཔལ་ལྡན་
歌手:洛桑巴旦
བཀྲ་ཤིས་བྱང་ཐང་ས་ཡི་དྭངས་རྩེ་རུ།།
བཀྲ་ཤིས་སྐོར་བྲོ་གར་གྱི་སྟངས་བསྟབས་འདི།།
བཀྲ་ཤིས་དུས་བཟང་ཀུན་གྱི་བྲོ་རྭ་ན།།
བཀྲ་ཤིས་ན་གཞོན་འབུམ་གྱི་བྲོ་གར་བརྩེན།།
~
བཀྲ་ཤིས་བྱང་གི་གསེར་མདོག་རྩྭ་ཐང་ན།།
བཀྲ་ཤིས་འབྲོག་གླུ་སྙན་མོའི་འགྱུར་ཁུག་འདི།།
བཀྲ་ཤིས་དགའ་སྟོན་ཀུན་གྱི་རྩེ་ར་རུ།།
བཀྲ་ཤིས་མི་ཚོགས་འབུམ་གྱི་ཁ་གཡང་འབོད།།
~
བཀྲ་ཤིས་མུ་མེད་མཐའ་ཡས་སྤང་ལྗོངས་སུ།།
བཀྲ་ཤིས་གཡང་ལུག་དཀར་མོའི་འབའ་སྒྲའི་ཁྲོད།།
བཀྲ་ཤིས་བསྟོད་གླུ་སྙན་མོའི་ཁ་གཡང་འདིས།།
བཀྲ་ཤིས་ཞི་བདེའི་དགའ་སྟོན་ནམ་ཡང་བསུ།།
热门歌词