རྗེས་དྲན་མགྲིན་གླུ་གསེར་གྱི་མེ་ཏོག 追忆·不朽金花
ཚིག འཇུ་སྐལ་བཟང་། 作词:居·格桑
དབྱངས། བཀྲ་ཤིས་རྡོ་རྗེ། རིག་དར། 作曲:扎西多杰&热达尔
ལེན་མཁན། ཤེར་བསྟན། 演唱:谢旦
མདོ་རྒྱུད་གཙུག་ལག་གདན་ས་སྔ་མ་ལ། ། 圣教法座古刹中
བཤད་སྒྲུབ་རྒྱལ་མཚན་དང་པོར་འཛུགས་མཁན་དེ། ། 首竖讲修胜幢者
ལས་བཞི་ལྷུན་འགྲུབ་བསྟན་པའི་ཉིན་བྱེད་རེད། །利希冷智耀教法
བསྟན་འགྲོའི་ཕན་བདེ་བསམ་ན་དགའ་བ་ལ། །思众生乐虽欣慰
བླ་མ་ད་ལྟ་མི་བཞུགས་སྐྱོ་ཡང་སྐྱོ། །师今西逝哀思长
རྗེས་དྲན་སྙན་པའི་ཚིག་གི་མཆོད་པ་འབུལ། །敬供追忆之妙词
སེང་འབྲུག་རྩེན་པ་གསེར་གྱི་རྒྱ་ཕིབས་ཅན། །狮龙倚仗金檐覆
རྣམ་རྒྱལ་ཕོ་བྲང་ཐོག་མ་བཞེངས་མཁན་དེ། །初建殊胜宫殿者
འཕྲིན་ལས་དབང་ཕྱུག་བསྟན་པའི་ཉིན་བྱེད་རེད། །成列旺秀耀教法
དུས་བབས་འགྲོ་དོན་བསམ་ན་དགའ་བ་ལ། །思济世功虽欣慰
ནམ་མཇལ་བླ་མ་དྲན་པས་སྐྱོ་ཡང་སྐྱོ། །难见师颜哀思长
རྗེས་དྲན་དབྱངས་ཀྱི་རོལ་མོའི་མཆོད་པ་འབུལ། །敬供追忆之妙音
ཡར་སྟོད་རྨ་ཀླུང་འབབ་པའི་གཡས་ཁུགས་ན། །上有黄河源之右
ཡང་དར་ཆོས་ར་མགོ་མ་འཚོགས་མཁན་དེ། །再振法会初集者
འགྲོ་འདྲེན་བླ་མ་བསྟན་པའི་ཉིན་བྱེད་རེད། །卓占喇嘛耀教法
འབྲེལ་ཚད་དོན་ལྡན་བསམ་ན་དགའ་བ་ལ། །思深恩德虽欣慰
ད་ལྟ་དྲན་ཡུལ་ཙམ་ན་སྐྱོ་ཡང་སྐྱོ། །今唯忆境哀思长
ད་ལྟ་དྲན་ཡུལ་ཙམ་ན་སྐྱོ་ཡང་སྐྱོ། །今唯忆境哀思长
རྗེས་དྲན་དད་པའི་སེམས་ཀྱི་མཆོད་པ་འབུལ། །敬供追忆之虔心