欢迎来到 小样儿目录

玉科措姆 - 故乡情

故乡情 - 玉科措姆
词:维东
曲:却甲
音乐宣传:谢旦贴吧工作室
ཕ་ས་འདི་གསེར་གྱི་གཞོང་བ་ཡིན།
མ་ས་འདི་དངུལ་དཀར་མེ་ལོང་ཡིན།
མུ་ཐིག་གི་ལུག་ཁྱུ་འཚོ་ས་ཡིན་
བུ་མོ་ངའི་རྫི་གླུ་ལེན་ས་ཡིན
ཕ་ས་དང་ཆར་ཟིམ། ཉི་འོད་དང་སྨུག་པ།
རི་བོ་དེའི་འདབས་ནས་ངས་རྫི་གླུ་ཡང་ཡང་ལེན།
ཕ་སེམས་འདི་གཡུ་ཡི་ནམ་མཁའ་ཡིན།
མ་སེམས་འདི་དུང་གི་གངས་རི་ཡིན།
ལང་ཚོ་ཡི་གཤོག་ཟུང་རྐྱོང་ས་ཡིན།
བུ་མོ་ངའི་རྫི་གླུ་ལེན་ས་ཡིན།
ཕ་མ་དང་ཉི་ཟླ། ལྷག་བསམ་དང་འོད་སྣང་།
བྱམས་བརྩེ་དེའི་ཀློང་ནས་ངས་དྲན་གླུ་ཡང་ཡང་ལེན།
ཕ་ཁྱིམ་འདི་དཔལ་རྒོད་འཁྲུངས་ས་ཡིན།
མ་ཁྱིམ་འདི་མཛངས་མ་སྐྱེ་ས་ཡིན།
རུས་བཟང་གི་བོད་མི་འཚོ་ས་ཡིན།
བུ་མོ་ངའི་གཞིས་ཁྱིམ་སྨུག་པོ་ཡིན།
ཕ་ཁྱིམ་དང་མེས་པོ། ཡུལ་མི་དང་མཐུན་སྒྲིལ།
དྲོད་ཁོལ་དེའི་ཁྲོད་ནས་གླུ་དབྱངས་ངས་ཡང་ཡང་ལེན།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་གཞས་སྟེགས་ལས་སྒྲུབ་ཁང་།
热门歌词