༼གསང་གཏམ༽
གཞས་ཚིག། གངས་རྒྱལ་མགོན་པོ་བཀྲ་ཤིས།
གཞས་གདངས། གངས་རྒྱལ་མགོན་པོ་ཀྲ་ཤིས།
གཞས་པ། གངས་རྒྱལ་མགོན་པོ་བཀྲ་ཤིས།
ཁྱེད་རང་རྒྱང་དུ་བཞུད་སོང་ལོ་ཟླ་སྐད་སྒྲ་དབེན་པའི།
འདི་ཡི་མཚན་མོ་དེ་ལ་ང་ཡི་དམར་ཆུང་སེམས་ནས་ཁྱོད་ཀྱི་སྤྱན་རས་དྲན་བྱུང་།
འདས་པའི་ལོ་ཟླ་རིང་མོ་དྲན་པའི་འཕྲིན་ལ་བྲིས་ཡོད།
འཕྲིན་པ་རླུང་གིས་ཁུར་སོང་གསང་གཏམ་སེམས་ན་ལུས་ཡོད།
ཁྱེད་ད་དང་ང་ཡི། གསང་གཏམ་ཕྲ་མོ་དེ་
སུ་དང་གང་ལ་མི་བཤད་འཕྲད་པའི་མཚན་མོ་དེ་བཤད་འདོད་སྙིང་གཏམ་གསུང་ཆོག
ཁྱེད་རང་རྒྱང་དུ་བཞུད་སོང་ལོ་ཟླ་སྐད་སྒྲ་དབེན་པའི།
འདི་ཡི་མཚན་མོ་དེ་ལ་ང་ཡི་དམར་ཆུང་སེམས་ནས་ཁྱོད་ཀྱི་སྤྱན་རས་དྲན་བྱུང་།
འདས་པའི་ལོ་ཟླ་རིང་མོ་དྲན་པའི་འཕྲིན་ལ་བྲིས་ཡོད།
འཕྲིན་པ་རླུང་གིས་ཁུར་སོང་གསང་གཏམ་སེམས་ན་ལུས་ཡོད།
ཁྱེད་དང་ང་ཡི། གསང་གཏམ་ཕྲ་མོ་དེ་ལུས་ཡོད།