欢迎来到 小样儿目录

达瓦措 - 达瓦措:雪莲花

达瓦措:雪莲花 - 达瓦措
གངས་རི་ཡ།
གངས་རི་མཐོ་ཞིང་བརྗིད།
རྩྭ་ཐང་ཡ།
རྩྭ་ཐང་ཡངས་ཤིང་ཆེ།
འདི་ནི་ང་ཚོའི་ཕ་ཡུལསྟེ།
ཕ་ཡུལ་གངས་ལྗོངས་ཕྱུག་མོ་ཡིན།
ང་ནི་གངས་རའི་བུ་མོ།
ཁྱོད་ནི་གངས་རིའི་བུ་ཆུང།
ང་ཚོ་ཚང་མ་གངས་རའི་མེ་ཏོག་ཡིན།
མེ་ཏོག་གངས་ལྷ་ཡིན།
ནམ་མཁའ་ཡ།
མན་མཁའ་སྔོ་ཞིང་བསངས།
ས་གཞི་ཡ།
ས་གཞི་དག་ཅིང་གཙང་།
འདི་ནི་ང་ཚོའི་ཕ་ཡུལ་སྟེ།
ཕ་ཡུལ་གངས་ཅན་ཁ་བའི་ལྗོངས།
ང་ནི་ཁ་བའི་བུ་ཆུང་།
ཁྱོད་ནི་ཁ་བའི་བུ་ཆུང་།
ང་ཚོ་ཚང་མ་ཁ་བའི་མེ་ཏོག་གངས་ལྷ་ཡིན།
ལྟ་བ་ཡ།
འཚེ་མེད་ཞི་བདེ་ཡིན།
སྤྱོད་པ་ཡ།
བྱམས་དང་སྙིང་རྗེ་ཡིན།
འདི་ནི་ང་ཚོའི་རང་གཤིས་སྟེ།
གཞན་ཕན་ལྷག་བསམ་ལྡན་པའི་བོད།
ང་ནི་བོད་པའི་བུ་མོ།
ཁྱེད་ནི་བོད་པའི་བུ་ཆུང་།
ང་ཚོ་ཚང་མ་བོད་པའི་མེ་ཏོག་ཡིན།
མེ་ཏོག་གངས་ལྷ
热门歌词