作词 : 扎囊旦巴次仁
༄༅།། ཁ་བྲལ་རྗེས།
ཚིག གྲ་ནང་བསྟན་པ་ཚེ་རིང་།
གདངས། གླིང་ཡོན་རྩལ།
གཞས་པ། གྲ་ནང་བསྟན་པ་ཚེ་རིང་།
སྒྲ་ལེན་ལས་འཇུག 101Studioསྒྲ་བརྙན།
ཁ་བྲལ་རྗེས་ད་ཡང་བསྐྱར་ཐུག་དགོས་མ་རེད།
གདོང་དེ་མཐོང་དུས་ང་ཡང་བསྐྱར་སེམས་སྐྱོ་གི།
སྔར་སོང་བརྩེ་དུང་། ད་རྨི་ལམ་ཞིག་ལ་བརྩིས་ཞོག
མཉམ་དུ་དགའ་ཡང་ངུས་ཀྱང་མཛེས་པའི་དྲན་གསོ།
ཁ་བྲལ་རྗེས་ད་སྨོན་འདུན་ཞུ་དགོས་མ་རེད།
སྐྱིད་པོ་བྱུང་ནའི་ཁྱེད་ང་གཉིས་སོ་སོ་རེད།
ཁྱེད་རང་སོ་སོས་གདམས་པའི་མ་འོངས་ཀྱི་འཚོ་བར།
བདེ་སྐྱིད་བྱུང་ན་ངའི་རེ་བ་གྲུབ་སོང་།
ཁྱེད་ང་གཉིས་དང་པོ་ཐུག་དུས།
ང་ཚ་གི་ཚི་གི་ཆགས་སོང་།
ཁྱེད་ཀྱི་ཡ་རབས་འཛུམ་མདངས།
ངའི་སེམས་པའི་གཏིང་ལ་ཟུག་སོང་།
ནམ་རྒྱུན་ཉམ་ཆུང་གི་ང་། སྐབས་དེ་དུས་སེམས་འཁྲུག་ཤག
ངས་ཁྱེད་ལ་བློ་ཁོག་ཆེན་པོས་ཁ་གསངས་ཤག
ལོ་དང་ཟླ་བ་ཕྱིན་སོང་།
ཁྱེད་ང་གཉིས་ག་ལེར་འགྱུར་སོང་།
སྔར་སོང་སེམས་ཁུར་ཡོད་ཚད་ད་རྒྱག་རེས་རླུང་ལ་འགྱུར་ཤག
སྔོན་མའི་མཉམ་འཛོམས་དགོད་སྒྲ་དུས་ད་ཆ་མིག་ཆུར་འགྱུར་དུས།
ང་གཉིས་ཀྱི་བརྩེ་དུང་དེ་ཡང་བྲལ་ན་དགའ་ཡོང་།
ཁ་བྲལ་རྗེས་ད་ཡང་བསྐྱར་ཐུག་དགོས་མ་རེད།
གདོང་དེ་མཐོང་དུས་ང་ཡང་བསྐྱར་སེམས་སྐྱོ་གི།
སྔར་སོང་བརྩེ་དུང་། ད་རྨི་ལམ་ཞིག་ལ་བརྩིས་ཞོག
མཉམ་དུ་དགའ་ཡང་ངུས་ཀྱང་མཛེས་པའི་དྲན་གསོ།
ཁ་བྲལ་རྗེས་ད་སྨོན་འདུན་ཞུ་དགོས་མ་རེད།
སྐྱིད་པོ་བྱུང་ནའི་ཁྱེད་ང་གཉིས་སོ་སོ་རེད།
ཁྱེད་རང་སོ་སོས་གདམས་པའི་མ་འོངས་ཀྱི་འཚོ་བར།
བདེ་སྐྱིད་བྱུང་ན་ངའི་རེ་བ་གྲུབ་སོང་།
བོད་གཞས་གསན་པར་ཐུགས་རྗེ་ཆེ།

ད་ནས་སྐུ་གཟུགས་ཐུགས་བཅག་གནང་རོགས།