没有你的夜晚 - 甘孜洛桑
词:久智
曲:旦正才让
音乐宣传:谢旦贴吧工作室
ཆར་བ་ཤག་ཤག་འབབ་པའི་མཚན་མོ་དེར།།
ཁ་པར་བརྡ་རྟགས་མེད་པའི་མཚན་མོ་སྟེ།།
རྒྱང་རིང་གི་ཁྱེད།།
ཁེར་རྐྱང་འཚོ་བའི་ཁྲོད་ནས་ཁྱེད་རང་དྲན།།
ཟླ་འོད་མཐོང་རྒྱུ་མེད་པའི་མཚན་མོ་སྟེ།།
སྐར་མའི་མཛེས་སྡུག་མེད་པའི་མཚན་མོ་སྟེ།།
རྒྱང་རིང་གི་ཁྱེད།།
མུན་ནག་འཚོ་བའི་ཀློང་ནས་ཁྱེད་རང་དྲན།།
དྲན་གདུང་ལྗིན་མོས་མནན་པའི་མཚན་མོ་སྟེ།།
ཡོད་ཚད་ཁྱེད་ལ་བཅངས་བའི་མཚན་མོ་སྟེ།།
རྒྱང་རིང་གི་ཁྱེད།།
ཡ་ཆུང་གངས་དཀར་ཀློང་ནས་ཁྱེད་རང་དྲན།།
རྒྱང་རིང་གི་ཁྱེད།།
ཡ་ཆུང་གངས་དཀར་ཀློང་ནས་ཁྱེད་རང་དྲན།།
ཡ་ཆུང་གངས་དཀར་ཀློང་ནས་ཁྱེད་རང་དྲན།།