牧羊姑娘
ལུག་རྫི་བུ་མོ།
词:让扎
ཚིག རང་སྒྲ།
曲:加央旦增
དབྱངས། འཇམ་དབྱངས་བསྟན་འཛིན།
演唱:仁青塔
ལེན་མཁན། རིན་ཆེན་ཐར།
འབའ་འབའ་ལུ་གུ་རྗེས་ཀྱི། །
འབའ་ཡི་ན་གཞོན་བུ་མོ།།
བུ་མོའི་རྐང་རྗེན་མིན་ན། །
ཕྱིང་བུའི་རྐང་འབོབ་མི་བཟོ།།
གཡང་དཀར་སྟོད་ལ་ཤོར་ན། །
ཀི་ཡིས་ཁ་ལོ་བསྐོར་ཆོག །
ལུག་ཆུང་སྨད་ལ་བྲོས་ན།།
རྩིད་པའི་འུར་ཆ་གཏོང་ཆོག།
ལུག་ལ་ལ་ག་ཤ་གཟན།།
ལུ་གུ་མ་མོ་འཚེར་མོ།།
སྲོད་ལ་ཚང་རྩིས་བརྒྱབ་ན། །
ལུག་ལ་བོར་སྟོར་མི་འབྱུང་།།
གཡང་དཀར་སྟོད་ལ་ཤོར་ན། །
ཀི་ཡིས་ཁ་ལོ་བསྐོར་ཆོག །
ལུག་ཆུང་སྨད་ལ་བྲོས་ན།།
རྩིད་པའི་འུར་ཆ་གཏོང་ཆོག།
ལུག་ལ་ལ་ག་ཤ་གཟན།།
ལུ་གུ་མ་མོ་འཚེར་མོ།།
སྲོད་ལ་ཚང་རྩིས་བརྒྱབ་ན། །
ལུག་ལ་བོར་སྟོར་མི་འབྱུང་།།
གཡང་དཀར་མཐའ་ནས་བསྐོར་བ། །
བུ་མོའི་ལུ་གུ་འཚོ་སྲོལ།།
བལ་ལ་ཁ་ཆུན་ཆགས་ན།།
འབོབ་ལ་ཟད་རྒྱུ་མི་འདུག།