ས་ཆེན་གྱི་གླུ།
大地之歌
ཚིག ཐང་སྐོར་ཚེ་དཔག་སྐྱབས།
作词:唐克·泽巴甲
དབྱངས། ཐང་སྐོར་ཚེ་དཔག་སྐྱབས།
作曲:唐克·泽巴甲
ལེན་མཁན། འཇིགས་མེད་དགའ་བ།
演唱:久迈嘎瓦
སྔོན་བྱོན་དམ་པའི་འཛུམ་མདངས་མ་ཡལ་གོང་།།
ཁྲ་ཁྲ་ཕྱི་ཡིས་རྣམ་པ་མ་འགྱུར་གོང་།།
ཐོས་ལྡན་མི་ཡིས་རང་ཚུགས་མ་ཤོར་གོང་།།
ཧམ་སེམས་སྟུག་པོས་ཁ་ལོ་སྒྱུར་གོང་།།
ས་དེ་ས་ཡིན། མྱི་ཡང་མྱི་ཡིན།
ས་རིན་ཆེན་གཏེར་ཁའི་མཛོད་ཡིན།།
མྱི་ཤེས་ཆེན་བློ་རྒྱ་གནམ་ཡིན།།
~
རྨ་ཆུ་ལུ་མ་རྫིང་ཆུར་མ་འགྱུར་གོང་།།
རྫ་རི་སྨུག་པོའི་ཁ་སྣ་མ་བྲིས་གོང་།།
སྤང་ལྗོངས་སྲོག་རྩར་འཛེར་མ་མ་བརྡབས་གོང་།།
སྦྲ་ས་བཙོང་ནས་ཁང་སར་མ་བཏང་གོང་།།
ས་དེ་ས་ཡིན། མྱི་ཡང་མྱི་ཡིན།
ས་རིན་ཆེན་གཏེར་ཁའི་མཛོད་ཡིན།།
མྱི་ཤེས་ཆེན་བློ་རྒྱ་གནམ་ཡིན།།
~
མྱི་འདང་རྩྭ་འདང་གཉིས་ཀ་མ་བརྗེས་གོང་།།
ཕྱོགས་བཞིའི་ལམ་ཆེན་ཚུར་ལ་མ་འཐེན་གོང་།།
འདྲེ་མོ་ཨ་མའི་གོ་ས་མ་ནོར་གོང་།།
མགོ་ནག་མྱི་ཡིས་རང་ཚུགས་མ་ཤོར་གོང་།།
ས་དེ་ས་ཡིན། མྱི་ཡང་མྱི་ཡིན།
ས་རིན་ཆེན་གཏེར་ཁའི་མཛོད་ཡིན།།
མྱི་ཤེས་ཆེན་བློ་རྒྱ་གནམ་ཡིན།།