阿妈 - 卓玛措
词:噶尔旦
曲:佐庆丹真
ཨ་མའི་བརྩེ་འདང་བུ་ཕྲུག་ཀུན་ལ་ཡོད།།
བརྩེ་འདང་རིང་མོ་ཨ་སྔོན་དབྱིངས་ལས་མཐོ།།
ཨ་སྔོན་དབྱིངས་ནས་ཉི་མའི་འོད་འཕྲོ་ཚེ།།
དགུང་གི་ཉི་མ་འདྲ་བའི་ཨ་མ་དྲན།།
ཨ་མ་ལགས། ཨ་མ་ལགས།
དགུང་གི་ཉི་མ་འདྲ་བའི་ཨ་མ་དྲན།།
ཨ་མ་ལགས། ཨ་མ་ལགས།
དགུང་གི་ཉི་མ་འདྲ་བའི་ཨ་མ་དྲན།།
ཨ་མའི་བརྩེ་འདང་བུ་ཕྲུག་ཀུན་ལ་ཡོད།།
བརྩེ་བ་ཟབ་མོ་གངས་རི་ལས་ཀྱང་དཀར།།
གངས་ཀྱི་རྩེ་ནས་ཟླ་བའི་འོད་འཕྲོ་ཚེ།།
དགུང་གི་ཟླ་བ་འདྲ་བའི་ཨ་མ་དྲན།།
ཨ་མ་ལགས། ཨ་མ་ལགས།
དགུང་གི་ཟླ་བ་འདྲ་བའི་ཨ་མ་དྲན།།
ཨ་མ་ལགས། ཨ་མ་ལགས།
དགུང་གི་ཟླ་བ་འདྲ་བའི་ཨ་མ་དྲན།།
ཨ་མའི་བརྩེ་འདང་བུ་ཕྲུག་ཀུན་ལ་ཡོད།།
བརྩེ་བ་ཆེན་པོ་ནམ་མཁའ་ལས་ཀྱང་ཡངས།།
ནམ་མཁའི་མཐོངས་ནས་སྐར་མའི་འོད་འཕྲོ་ཚེ།།
དགུང་གི་སྐར་མ་འདྲ་བའི་ཨ་མ་དྲན།།
ཨ་མ་ལགས། ཨ་མ་ལགས།
དགུང་གི་སྐར་མ་འདྲ་བའི་ཨ་མ་དྲན།།
ཨ་མ་ལགས། ཨ་མ་ལགས།
དགུང་གི་སྐར་མ་འདྲ་བའི་ཨ་མ་དྲན།།
དགུང་གི་སྐར་མ་འདྲ་བའི་ཨ་མ་དྲན།།