欢迎来到 小样儿目录

赵世欣词乐坊 - 文成公主 (藏语版)

文成公主 (藏语版) - 赵世欣词乐坊
词:北烛/世欣
曲:蒋舟
པོ་ཏ་ལ་ཡི་རྒྱ་ཕིབས་ལ་ལྟ་དུས།
རྒྱ་བཟའ་ཀོང་ཇོ།
ང་ཚོས་ཁྱེད་རང་དྲན་བྱུང་།
ཆོས་དུང་གྲགས་བྱུང་། བསང་དུད་མཆེད་སོང་།
ལྷ་སྐུ་བརྗིད་སོང་། མེ་ཏོག་བཞད་སོང་།
བྱམས་པ་གླིང་གའི་བསང་ཁྲི་ལ་ལྟ་དུས།
རྒྱ་བཟའ་ཀོང་ཇོ།
ང་ཚོས་ཁྱེད་རང་དྲན་བྱུང་།
རླུང་བུ་ལྡང་བྱུང་། བསིལ་ཆར་བབས་སོང་།
སྐུ་དྲིན་ཉམས་མེད། མེ་ཏོག་བཞད་སོང་།
མ་ཎི་ཆོས་འཁོར་གྱི་འཁོར་འགྲོས་ཁྲོད་ཁྱེད་རང་དྲན་ཡོད།
མར་མེ་ཁྲི་སྟོང་གི་འོད་སྣང་ཁྲོད་ཁྱེད་རང་དྲན་ཡོད།
སྙན་མོའི་མགྲིན་ངག་གི་གླུ་སྐད་ཁྲོད་ཁྱེད་རང་དྲན་ཡོད།
ལྡེམ་མྱུར་སྟངས་སྟབས་ཀྱི་སྐོར་བྲོའི་ཁྲོད་ཁྱེད་རང་དྲན་ཡོད།
དར་ལྕོག་ནི་འཐེན་ནས་ཡོད། ད་དུང་མི་ཕེབས་དོན་ཅི།
འོ་ཇ་ནི་བསྐོལ་ནས་ཡོད། ད་དུང་མི་ཕེབས་དོན་ཅི།
སྤང་ཐང་ནི་སྔོན་པོ་ཡིན། ད་དུང་མི་ཕེབས་དོན་ཅི།
ལུག་ཁྱུ་ནི་རི་ལ་ཡན་ཡོད། ད་དུང་མི་ཕེབས་དོན་ཅི།
ཨ། གངས་རི། མུ་འབྲེལ་དུ་གནས་ཡོད།
ཨ། གླག་རྒོད། ལྡིང་སྐོར་གྱིས་འཕུར་ཡོད།
ང་ཚོའི་སེམས་པ་ཡ། གཅིག་ཏུ་འབྲེལ་ཡོད།
དེ་ནི་ལྷ་མཚོའི་ལྷ་ཆབ་བཞིན་དུ།
མཐོ་སྒང་ལ་འཁྲེང་ཡོད།
热门歌词