[ti:《喜马拉雅》][la:bo]
ཧི་མ་ལ་ཡ།
གངས་དཀར་ཤེལ་གྱི་མཆོད་རྟེན། དྭངས་གཙང་ཆུ་མོའི་གཞི་མ།
སྔོ་ལྗང་ཉམས་དགའི་ཁོར་ཡུག འདབ་ཆགས་རི་དྭགས་རྩེད་ས།
ས་མཐོ་བའི་རི་བྲག་ལྷུན་པོ། རང་བྱུང་གཏེར་ཁའི་མ་མ། །
རྒྱ་ཆེ་བའི་ས་གཞི་སྣུམ་པོ། འབྲུ་སྲན་སྣ་ལྔའི་མཐོ་ལྗོངས། །
གངས་ཀྱི་ཆུ་མོ་འཛམ་གླིང་ཕྱོགས་བཞིར་བབས།
འཛམ་གླིང་ཕྱོགས་བཞིའི་ཟུངས་ཁྲག་གངས་ཆུ་ཡིན།
འདབ་ཆགས་ཁུ་བྱུག་གསུང་དབྱངས་རྗོགས་པ་མེད།
སྙན་འགྱུར་གླུ་ཡི་ཞི་བདེར་བསྟོད་གླུ་ལེན།
སྤང་ལ་ཤྭ་བ་དགོ་བའི་བྲོ་གར་མཛེས། །
ཁོ་ར་ཁོར་ཡུག་མ་རིག་གཉིད་ནས་བསླངས།
མཛེས་སྡུག་རྨི་ལམ་རང་ཅག་གི་ཁྱིམ།
རི་ལ་སྲུང་སྐྱོབ་བྱོས། ཆུ་ལ་སྲུང་སྐྱོབ་བྱོས། རི་ཆུ་ཡུལ་གྱི་རྒྱན་ཆ་ཡིན།
བརྩེ་བ་ནང་ལ་ཆོངས།བྱམས་པ་དཀྱིལ་དུ་ཆོངས།དེ་གཉིས་སྐྱིད་པའི་འབྱུང་ཁུངས་ཡིན།
འདབ་ཆགས་སྙིང་ལ་ཆོངས།རི་དྭགས་སེམས་ལ་ཆོངས།དེ་གཉིས་མི་ཡི་གྲོགས་པོ་ཡིན།
རྒན་རབས་འཛུམ་མདངས་ཤིག་ཤིག བྱིས་པ་དགོད་སྒྲ་ལྷང་ལྷང་།
སྲོག་ཆགས་བག་ཕེབས་འཚོ་འཚོ། རྩི་ཤིང་མགོ་ལྕོག་ལྡེམ་ལྡེམ།
བདེ་སྐྱིད་འཆམ་མཐུན་ཤོག །
美丽的壮塔,河流的源泉
绿色的环境,鸟儿的欢园
高原的大山,大自然宝库
辽阔的大地,五谷的产地
雪水流入四面八方,
雪水成为地球命脉
飞鸟唱出优美的歌
歌声赞美和谐生活
草原野生动物在舞
久睡的环境被叫醒
美梦是我们的家园
保护好大山,请保护好河流,山水是大地的心脏
把爱装在心里,把情装在心里,它们是幸福的来源
把飞鸟放在心里,把野兽放在心里,它们是人类的挚友
老者慈笑,儿童欢笑
动物悠闲自在, 五谷风中香飘
大自然和人类和谐相处