欢迎来到 小样儿目录

朋毛扎西 - 昙花

ཨུ་དུམ་ཝ་ར།•昙花
གཞས་ཚིག ཉི་མས་བཞད།
作词:喜阳
གཞས་དབྱངས། ཕག་མོ་བཀྲ་ཤིས།
作曲: 朋毛扎西
གཞས་པ། ཕག་མོ་བཀྲ་ཤིས།
演唱:朋毛扎西
རོལ་མོ། དཔལ་མཆོག
编曲:华曲
སྒྲ་ལེན། བློ་བཟང་ཡར་འཕེལ།
录音:洛桑亚培
སྒྲ་ཞིབ་སྦྱོར། ཤེར་བྷ།
混音:谢尔巴
ཁྱེད་རང་ང་ཡི་མིག་ལས་སྐྱེས་ཀྱང་།།
你诞生在我的眼里
ང་ཡི་ལས་ལ་དབང་ཐབས་མ་བྱུང་།།
我无缘获取拥有
སྲོག་གིས་བཏབ་པའི་ཨུ་དུམ་ཝ་ར།།
生命耕耘的昙花
ང་ཡི་ལང་ཚོ་ང་ཡི་དྲན་པ།།
我的青春,我的记忆
མྱི་ཁ་བཙན་པོས་གཡས་བསྐོར་གཡོན་བསྐོར།།
流言蜚语右说左说
སྡུག་ཡུས་མནར་མོ་གཡས་འབབ་གཡོན་འབབ།།
受尽折磨右来左来
ཟུངས་ཁྲག་དྲོན་མོ་བརྩེ་བས་བཞུར་ཀྱང་།།
热气血水因情在流淌
དྲན་གདུང་འདི་ཡིས་ལུས་སེམས་འཁྱག་སོང་།།
思念让这一切身心寒苦
ཁྱེད་རང་ང་ཡི་སྤང་ལས་སྐྱེས་ཀྱང་།།
你生长在我的草原
ང་ཡི་དབྱར་ལ་བཞད་ཐབས་མ་བྱུང་།།
但在我的夏天无法绽放
སྲོག་གིས་བཏབ་པའི་ཨུ་དུམ་ཝ་ར།།
生命耕耘的昙花
ང་ཡི་དྲན་ཤིང་ང་ཡི་ལས་དབང་།
我的思念 我的因缘
ལྷགས་རླུང་བཙན་པོས་གཡས་བསྐོར་གཡོན་བསྐོར།
彪悍狂风右绕左绕
དྲག་ཆར་ནག་པོ་གཡས་འབབ་གཡོན་འབབ།
疯狂暴雨右袭左袭
རེ་སྒུག་དྲོན་མོ་བརྩེ་བས་བསྐྱངས་རུང་།
呵护着希望和明天
ལས་སྐལ་འདི་ཡིས་བརྩེ་བ་བསྲེགས་སོང་།།
可惜情被烧为灰烬
ཁྱེད་རང་ང་ཡི་འདང་ལས་སྐྱེས་ཀྱང་།།
你生长在我的心里
ང་ཡི་ཚེ་ལ་དབང་ཐབས་མ་བྱུང་།།
但无法在我的生命出现
སྲོག་གིས་བཏབ་པའི་ཨུ་དུམ་ཝ་ར།།
生命耕耘的昙花
ང་ཡི་གཏམ་རྒྱུད་ང་ཡི་ལས་འཕྲོ།།
我的因缘 我的情缘
སྡུག་བསྔལ་གཙང་བོ་གཡས་བསྐོར་གཡོན་བསྐོར།།
痛苦的河水右绕左绕
ལས་དབང་ཁ་བ་གཡས་འབབ་གཡོན་འབབ།
命运的雪暴右飘左飘
བརྩེ་ཆང་དམར་པོའི་བཟི་ཁ་བཙན་རུང་།།
虽情的红酒醉劲甚大
མངོན་སུམ་འདི་ཡིས་རྨི་ལམ་དཀྲོགས་སོང་།།
但现实似我从梦中苏醒
热门歌词