欢迎来到 小样儿目录

岗贡加 - 青梅竹马

ཆུང་འདྲིས་བྱམས་པ།
青梅竹马
ཚིག དབུ་ཁྱུད།
作词: 唯曲
དབྱངས། གངས་མགོན་རྒྱལ།
作曲:岗贡加
ལེན་མཁན། གངས་མགོན་རྒྱལ།
演唱:岗贡加
(歌词大意)
སྦྲ་ནག་གྲུ་བཞིའི་སྒོ་ཁ་ན།
在黑色的帐蓬门外
ཆུང་འདྲིས་བྱམས་པ་ཁྱོའི་འཛུམ་མདངས་ཡོད།
闪耀着青梅竹马的笑容
གཡང་ར་གྲུ་བཞིའི་ལྷས་འདབ་ན།
在祥和的羊圈里
ཆུང་འདྲིས་བྱམས་པའི་ཁྱོའི་ལང་ཚོ་ཡོད།
舞动着青梅竹马的青春
ཆུང་འདྲིས། ཞེ་སྣང་བ་མཐུན་ན་ཨ་ལན་ཞིག་གནང་རོགས།
恋人啊 爱若情缘请给予回应
ཆུང་འདྲིས། འདང་ལྷག་མ་ཡོད་ན་ཕྱིར་མིག་ཅིག་འཕེན་རོགས།
恋人啊 若余情未了请回头一瞥
བརྩེ་བ་གླུ་རུ་བཀུག་ཡོད།།
把爱唱成歌
དུངས་བ་འཕྲིན་ལ་བྲིས་ཡོད།།
把情化作信
འཕྲིན་པ་ཆུ་ལ་བསྐུར་ཡོད།།
情书捎给河流
མཇལ་འཛོམས་སེམས་ལ་བཅངས་ཡོད།།
盼望相聚一堂
ཆུང་འདྲིས་ཡ། ཆུང་འདྲིས། ཁྱོད་གླེང་བཞིན་གླེང་བཞིན་སྙིང་གཏམ་འདི་ཤོར་སོང་།
恋人啊恋人 不由自主对你诉说心里话
ཁ་བ་འབབ་སའི་རྫ་ལུང་ན།།
在雪花风飞的山岗上
ཆུང་འདྲིས་བྱམས་པ་ཁྱོའི་རྫི་གླུ་ཡོད།།
荡漾着青梅竹马的牧歌
ཆུ་བོ་བཅུ་སའི་གཙང་འགྲམ་ན།།
在清澈见底的河水旁
ཆུང་འདྲིས་བྱམས་པ་ཁྱོའི་སྙན་ངག་ཡོད།།
回旋着青梅竹马的诗歌
ཆུང་འདྲིས། ཚིག་སྙིང་གཏམ་བཤད་ན་ཁྲེལ་གཞུང་ལ་བརྒྱུས་ཤོག
恋人啊 若倾肠倒腹请许下诺言
ཆུང་འདྲིས། སེམས་བརྩེ་བ་ཡོད་ན་ཕྱི་ཐག་ལ་འཐེན་ཤོག
恋人啊 若有情有义请持之以恒
སྨོན་ལམ་གཅིག་ལ་བཏབ་ཡོད།།
共同许下愿望
དམ་ཚིག་བྲག་ལ་བརྐོས་ཡོད།།
刻下山盟海誓
དགའ་བ་སེམས་ལ་འཁྲུངས་ཡོད།།
把爱放在心里
མཐུན་པ་ཚེ་ལ་བསྲིངས་ཡོད།།
携手共度一生
ཆུང་འདྲིས་ཡ། ཆུང་འདྲིས། ཁྱོད་དྲན་བཞིན་དྲན་བཞིན་གླུ་ཆུང་འདི་ཤོར་སོང་།
恋人啊恋人 不由自主对你唱起思念之歌
未经许可,不得翻唱或使用
热门歌词