藏家牛粪
作词:洛桑仁青
作曲:罗塞
歌手:旦增卡卓
སྒང་རི་སྒང་གི་སྒང་ཁ་ནས།
在山岗的山丘上
བསང་མཆོད་པའི་དུད་སྤྲིན་ལིང་སེ་ལིངས།
煨桑的桑烟飘然吹起
སྦྲ་ཆེན་སྦྲ་ཡི་སྤྲ་སྟེང་ནས།
在黑色的帐篷里
དུ་སྔོན་མོའི་འཇའ་རིས་འཁྲིག་སེ་འཁྲིགས།
炉烟在篷顶吹起
ཨ་་་་་་ལྕི་བ།
啊 牛粪
ཨ་་་་་་ངེད་བོད་པའི་ལྕི་བ།
啊 藏家牛粪
ལྷ་ལ་མཆོད་པའི་བསང་གི་རྫས།
敬天的桑烟
རྟེན་འབྲེལ་ཡག་པའི་གྲོག་གི་རྒྱུ།
吉祥的祝福味
བཟང་དྲུག་སྨན་གྱི་དྲི་ཞིམ་ཁྱབ།
身心健康的味
ལྷ་ལ་མཆོད་པའི་བསང་གི་རྫས།
敬天的桑烟
རྟེན་འབྲེལ་ཡག་པའི་གྲོག་གི་རྒྱུ།
吉祥的祝福味
བཟང་དྲུག་སྨན་གྱི་དྲི་ཞིམ་ཁྱབ།
身心健康的味
ཡར་ཐབ་ཇ་ཐབ་ཁྲ་མོ་ལ།
上灶煮的藏香茶
ཇ་ཁོལ་མའི་རླངས་པ་འཐིབ་སེ་འཐིབས།
热茶味飘香四方
མར་ཐབ་ཤ་ཐབ་ཁྲ་མོ་ལ།
下灶煮的肥牛肉
ཤ་བཙོས་མའི་རླངས་པ་ལྷོག་སེ་ལྷོགས།
肉味飘香四溢
ཨ་་་་་་ལྕི་བ།
啊 牛粪
ཨ་་་་་་ངེད་བོད་པའི་ལྕི་བ།
啊 藏家牛粪
ཁྱད་ཆོས་གཞན་དང་མི་འདྲ།
任何特点不一样
འབར་བ་སླ་ལ་འབར་ཤེད་ཆེ།
燃烧稀而热量大
རང་གཤིས་གཙང་ལ་ཕན་ཡོང་ཆེ།
没有污染还新鲜
ཁྱད་ཆོས་གཞན་དང་མི་འདྲ།
任何特点不一样
འབར་བ་སླ་ལ་འབར་ཤེད་ཆེ།
燃烧稀而热量大
རང་གཤིས་གཙང་ལ་ཕན་ཡོང་ཆེ།
没有污染还新鲜
རྩིབས་ཆེན་སྦྲ་ཡི་ནང་རོལ་ལ།
宽大精致毡帐里
བཅུད་འཛོམས་པའི་ཟས་སྣ་སྤུང་སེ་སྤུངས།
各种美食齐全
འབྲོག་པའི་ན་ཆུང་རྒས་གཞོན་ཚོ།
牧人老少青年们
སྐྱིད་འཕེལ་བའི་དགོད་སྒྲ་ལྷང་སེ་ལྷངས།
跳起欢乐的锅庄
ཨ་་་་་་ལྕི་བ།
啊 牛粪
ཨ་་་་་་ངེད་བོད་པའི་ལྕི་བ།
啊 藏家牛粪
འཚོ་ཐབས་དཀའ་བའི་འབྲོག་ཐང་དུ།
生活艰苦的牧区里
ཚེ་སྲོག་ཆགས་པའི་འཇིག་རྟེན་བསྐྲུན།
造成生命的宇宙里
གངས་ཅན་བོད་ལ་དཀའ་དྲིན་ཆེ།
雪域藏家感谢你
འཚོ་ཐབས་དཀའ་བའི་འབྲོག་ཐང་དུ།
生活艰苦的牧区里
ཚེ་སྲོག་ཆགས་པའི་འཇིག་རྟེན་བསྐྲུན།
造成生命的宇宙里
གངས་ཅན་བོད་ལ་དཀའ་དྲིན་ཆེ།
雪域藏家感谢你
གངས་ཅན་བོད་ལ་དཀའ་དྲིན་ཆེ།
雪域藏家感谢你。