欢迎来到 小样儿目录

凤凰传奇 - 献给母亲的歌

作词 : 桑尕白དྲིན་མ་ལོར་ཕུལ་བའི་གླུ།     ཚིག བསང་ཚེ་བཀྲ།       དབྱངས། ཀླུ་ཤོད་སྐལ་ཚེ།         ལེན་མཁན།  བསང་སྐལ་བྷེ།  གནའ་དང་མ་རུ་བ་སྟོད་ན་ཡོད།།སྟོད་རྫ་རི་སྨུག་པོའི་འདབས་ན་ཡོད།།བེའུ་སྔོ་རིས་ཟངས་ཀྱི་དྲིལ་ཆུང་ཅན།།ན་མེ་ཏོག་ཁུག་གི་རྩེད་རོགས་ཡིན།།ཨ་མ། ཨ་མ། དྲིན་མོ་ཆེ།ཕྱི་ས་མཐའ་བསྐོར་ནས་བརྒྱ་སོང་ཡང་།།ཆུང་བྱིས་པའི་རྩེད་ར་བརྗེད་དཀའ་ཀི།ཕ་མེས་པོའི་རིང་གི་སྦྲ་ཞིག་ཡོད།།སྦྲ་སྨུག་པོའི་ནང་ན་དྲོད་ཅིག་ཡོད།།ཁྱིམ་ཐབ་ཀ་མེ་འོད་དཀར་ཆ་ཅན།།ལུས་ལང་ཚོ་དར་སའི་ཕ་ཁྱིམ་ཡིན།།ཨ་མ། ཨ་མ། དྲིན་མོ་ཆེ།  དཔལ་འདོད་དགུའི་ལོངས་སྤྱོད་བརྒྱ་རོལ་ཀྱང་།།དྲིན་མ་ལོའི་ལག་ཟས་རྙེད་དཀའ་ཀི། སེམས་ཡ་ཆུང་དཀྱིལ་ན་མ་ཞིག་ཡོད།།མ་དྲིན་མོ་ཆེ་ཡི་གསུང་ཞིག་ཡོད།།ཚིག་སྙན་མོ་བདེན་པའི་ལེགས་བཤད་ཅན།།ལས་ཡག་ཉེས་སེལ་བའི་ལམ་རོགས་ཡིན།།ཨ་མ། ཨ་མ། དྲིན་མོ་ཆེ།  ཕྱག་འཚལ་ནས་དབུས་ལ་བརྒྱ་སོང་ཡང་།།དྲིན་མ་ལོའི་དྲིན་ལན་བསལ་དཀའ་ཀི །
热门歌词