欢迎来到 小样儿目录

拉格卓玛 - 欢聚 (广场舞版)

欢聚 (广场舞版) - 拉格卓玛
作词:索秀达杰
作曲:索秀达杰
扎木念:华旦
གླུ་རེ་རེ་ལོངས་ཤོག་ཕོ་གསར་མོ་གསར་ཚོ།
བྲོ་རེ་རེ་འཁྲོབ་ཤོག་ཤ་ཉེས་གྲོགས་པོ་ཚོ།
གླུ་རེ་རེ་ལོངས་ཤོག་ཕོ་གསར་མོ་གསར་ཚོ།
བྲོ་རེ་རེ་འཁྲོབ་ཤོག་ཤ་ཉེས་གྲོགས་པོ་ཚོ།
ང་ཚོ་དེ་རིང་དགའ་དགའ།
ལ་ནས། སྤུན་ཟླ་ལྷན་འཛོམས་བྱུང་སོང་།
ཡུན་རིང་སེམས་ལ་ཉར་བའི་སྙིང་གཏམ་ལྷུག་པོ་བཤད་ཆོག
ཡུན་རིང་སེམས་ལ་ཉར་བའི་སྙིང་གཏམ་ལྷུག་པོ་བཤད་ཆོག
ཇ་ཆང་ཟས་སྣ་བཤམས་ནས་སྐུ་མགྲོན་བསུ།
གླུ་དང་གར་ལ་རོལ་ནས་དགའ་སྤྲོ་བྱེད།
ཚེ་བཟང་དུས་བཟང་གཞི་བྱེས་འཛོམས་པ་ལ།
ང་ཚོ་དགའ་བའི་དགོད་སྒྲ་རྒྱུན་མི་ཆད།
ཕོ་གཞོན་དག་གིས་ཞབས་བྲོ་རྡོག་སྒྲ་སྒྲིག
སྨན་ཆུང་དག་གིས་གླུ་ངག་དབྱངས་ལ་གྱེར།
ཚེས་བཟང་དུས་བཟང་གཞི་བྱེས་འཛོམས་པ་ལ།
ང་ཚོ་དགའ་བའི་དགོད་སྒྲ་རྒྱུན་མི་ཆད།
ཨ་ལ་ཡེ། སྐྱིད་པའི་ཉི་མ་ཤར་སོང་།
དགའ་བའི་གླུ་དབྱངས་བླངས་སོང་།
གཞི་བྱེས་ལྷན་དུ་འཛོམས་ནས།
སྤུན་ཟླའི་ཞལ་མཇལ་བྱུང་སོང་།
གླུ་རེ་རེ་ལོངས་ཤོག་ཕོ་གསར་མོ་གསར་ཚོ།
བྲོ་རེ་རེ་འཁྲོབ་ཤོག་ཤ་ཉེས་གྲོགས་པོ་ཚོ།
གླུ་རེ་རེ་ལོངས་ཤོག་ཕོ་གསར་མོ་གསར་ཚོ།
བྲོ་རེ་རེ་འཁྲོབ་ཤོག་ཤ་ཉེས་གྲོགས་པོ་ཚོ།
ང་ཚོ་དེ་རིང་དགའ་དགའ།
ལ་ནས། སྤུན་ཟླ་ལྷན་འཛོམས་བྱུང་སོང་།
ཡུན་རིང་སེམས་ལ་ཉར་བའི་སྙིང་གཏམ་ལྷུག་པོ་བཤད་ཆོག
ཡུན་རིང་སེམས་ལ་ཉར་བའི་སྙིང་གཏམ་ལྷུག་པོ་བཤད་ཆོག
ཇ་ཆང་ཟས་སྣ་བཤམས་ནས་སྐུ་མགྲོན་བསུ།
གླུ་དང་གར་ལ་རོལ་ནས་དགའ་སྤྲོ་བྱེད།
ཚེ་བཟང་དུས་བཟང་གཞི་བྱེས་འཛོམས་པ་ལ།
ང་ཚོ་དགའ་བའི་དགོད་སྒྲ་རྒྱུན་མི་ཆད།
ཕོ་གཞོན་དག་གིས་ཞབས་བྲོ་རྡོག་སྒྲ་སྒྲིག
སྨན་ཆུང་དག་གིས་གླུ་ངག་དབྱངས་ལ་གྱེར།
ཚེས་བཟང་དུས་བཟང་གཞི་བྱེས་འཛོམས་པ་ལ།
ང་ཚོ་དགའ་བའི་དགོད་སྒྲ་རྒྱུན་མི་ཆད།
ཨ་ལ་ཡེ། སྐྱིད་པའི་ཉི་མ་ཤར་སོང་།
དགའ་བའི་གླུ་དབྱངས་བླངས་སོང་།
གཞི་བྱེས་ལྷན་དུ་འཛོམས་ནས།
སྤུན་ཟླའི་ཞལ་མཇལ་བྱུང་སོང་།
གཞི་བྱེས་ལྷན་དུ་འཛོམས་ནས།
སྤུན་ཟླའི་ཞལ་མཇལ་བྱུང་སོང་།
གཞི་བྱེས་ལྷན་དུ་འཛོམས་ནས།
སྤུན་ཟླའི་ཞལ་མཇལ་བྱུང་སོང་།
热门歌词