拉格卓玛 - 酒歌
作词:交加让
作曲:久巴
音乐宣传:谢旦贴吧工作室
ཆང་ལ་རོལ་ན།
ཆང་ལ་རོལ་ནས་དགའ།
ཆང་དང་པོ་འབྲས་ཆང་དཀར་པོ།།
ཆང་གཉིས་པ་རྒུན་ཆང་སྨུག་པོ།།
ཆང་གསུམ་པ་ནས་ཆང་ཁམ་པ།།
ཆང་གསུམ་པ་ནས་ཆང་ཁམ་པ།།
འོ་ཡ་རེ་ལོ།
སྣང་བ་སྐྱིད་པ་ཆང་ལ་རོོལ་ནས་ཐུགས་སྤྲོ་པོ་ཡོང་བར་ཤོག

ཆང་ལ་རོལ་ནས་མཆོད།
ཆང་དང་པོ་བླ་མ་ཡི་དམ།།
ཆང་གཉིས་པ་བྱམས་ལྡན་ཕ་མ།།
ཆང་གསུམ་པ་གྲོགས་པོ་གྲོགས་མོ།།
ཆང་གསུམ་པ་གྲོགས་པོ་གྲོགས་མོ།།
འོ་ཡ་རེ་ལོ་།
སྣང་བ་སྐྱིད་པ་ཆང་ལ་རོལ་ནས་ཐུགས་སྤྲོ་པོ་ཡོང་བར་ཤོག
སྣང་བ་སྐྱིད་པ་ཆང་ལ་རོལ་ནས་ཐུགས་སྤྲོ་པོ་ཡོང་བར་ཤོག
སྣང་བ་སྐྱིད་པ་ཆང་ལ་རོལ་ནས་ཐུགས་སྤྲོ་པོ་ཡོང་བར་ཤོག
ཆང་ལ་རོལ་ན།
ཆང་ལ་རོལ་ནས་སྤྲོ།
ཆང་དང་པོས་བརྩེ་གྲོགས་བསུ་ཡ།།
ཆང་གཉིས་པས་གླུ་ཆུང་ལེན་ཡ།།
ཆང་གསུམ་པས་བསྐོར་བྲོ་འཁྲབ་ཡ།།