欢迎来到 小样儿目录

泽旺拉姆 - 我一生最最爱的人

我一生最最爱的人 - 泽旺拉姆
词:仁爱/登越顿珠
曲:格绒追美/仁爱/登越顿珠
ཚིག བསྐལ་བཟང་འཇིགས་མེད། དོན་ཡོད་དོན་འགྲུབ།
གདངས། དོན་ཡོད་དོན་འགྲུབ།
གླུ་མ། ཚེ་དབང་ལྷ་མོ།
གནམ་ལ་སྐར་མ་བཀྲ་བྱུང་།
ལོ་ཙཱ། ཟླ་བ།
སྨན་དྲུག་འདྲ་ལེ་མི་འདུག
རྒྱ་གྲོང་མི་ཡི་གང་བྱུང་།
ཕ་མ་འདྲ་ལེ་མི་འདུག
ང་ནི་ཨ་མ་ཡི་སྲུབ་ཇ་འཐུང་ནས་འཚར་བ་ཡིན།
ང་ནི་ཨ་ཕ་ཡི་རྟ་ཕོ་བཞོན་ནས་འཚར་བ་ཡིན།
ཨ་མ་ཡི་སྲུབ་ཇ་ནི་ངའི་ཚེ་སྲོག་གི་བའདུད་རྩི་ཡིན།
ཨ་ཕ་ཡི་རྟ་ཕོ་ནི་ངའི་ཕུགས་བསམ་གྱི་དམིགས་པ་ཡིན།
ང་ཡི་ཚེ་སྲོག་གནང་བའི་ཨ་མ།
ང་ལ་དཔའ་ངར་གནང་བའི་ཨ་ཕ།
དྲིན་ཆེན་ཕ་མ་ངའི་ཚེ་འདི་ལ་ཆེས་དགའ་བའི་མི་ཡིན།
གནམ་ལ་སྐར་མ་བཀྲ་བྱུང་།
སྨན་དྲུག་འདྲ་ལེ་མི་འདུག
རྒྱ་གྲོང་མི་ཡི་གང་བྱུང་།
ཕ་མ་འདྲ་ལེ་མི་འདུག
ང་ནི་ཨ་མའི་མ་ཎི་སྒྲ་ཉན་བཞིན་འཚར་བ་ཡིན།
ང་ནི་ཨ་ཕའི་གེ་སར་སྒྲུང་ཉན་བཞིན་འཚར་བ་ཡིན།
ཨ་མའི་བྱམས་སེམས་དེ་ངའི་མི་ཚེ་ཡི་ལམ་སྟོན་ཡིན།
ཨ་མའི་སྙིང་སྟོབས་དེ་ངའི་ཚེ་སྲོག་གི་ཉི་མ་ཡིན།
ང་ལ་དགེ་སེམས་དགནང་བའི་ཨ་མ།
ང་ལ་ཤེས་རབ་གནང་བའི་ཨ་ཕ།
དྲིན་ཆེན་ཕ་མ་ངའི་ཚེ་འདི་ལ་ཆེས་དགའ་བའི་མི་ཡིན།
ང་ལ་དགེ་སེམས་དགནང་བའི་ཨ་མ།
ང་ལ་ཤེས་རབ་གནང་བའི་ཨ་ཕ།
དྲིན་ཆེན་ཕ་མ་ངའི་ཚེ་འདི་ལ་ཆེས་དགའ་བའི་མི་ཡིན།
热门歌词