欢迎来到 小样儿目录

欧 珠 - 爱的火焰

བརྩེ་འདུན་གྱི་མེ་ལྕེ།
爱的火焰
ཚིག་ འབྲོག་པ་བཀོམ་བཀྲ་དང་རྨ་འདུད་གྲོལ།
作词:仲巴贡/玛德珠
དབྱང་ བདུད་བྷེ་དང་རྟ་འགྲིན།
作曲:德百/旦正
གཞས་པ་ དངོས་གྲུབ།
演唱:欧珠
འཚོ་བ་ཆུ་ཡི་རླབས་རེད།
དྲན་པ་རླུང་གི་གཤོག་པ།
ནང་སེམས་སྟོང་བའི་སྤང་ལ།
དྲན་གདུང་སྨུག་པ་འཐེབས་བྱུང།
༢ཡུལ་དབུས་གཙང་ཆོས་ཀྱི་ལྟེ་བ་རུ།
རི་མཐོན་པོ་གནམ་གྱི་ཀ་བ་ཞེས།
ཤེལ་དཀར་པོའི་ཕོ་བྲང་རང་གྲུབ་གན།
ངའི་བླ་རི་གངས་དཀར་ཏི་སེ་རེད།
~
མི་ཚེའི་ལམ་བུ་ཕྲ་མོ།
གངས་དང་སྨུག་པས་བཟུང་རུང།
སྤྲིན་གྱི་རྒྱ་མཚོ་བརྒལ་ནས།
ལན་གཅིག་ཐུག་འདུན་ཆེ་སོང།
༢དགུང་ཉི་ཟླ་གཉིས་ཀྱི་རྣ་རྒྱན་བྱས།
རྩྭ་རང་བྱུང་སྨན་སྣས་སྐྱེ་འགྲོ་གསོས།
ནད་སྣ་ཚོགས་འཇོམས་པའི་སྨན་ཆུ་བཞུར།
རི་འདི་ཡི་སྣོད་བཅུད་ཕུན་སུམ་ཚོགས།
~
མ་ཕམ་གཡུ་མཚོའི་གཏིང་ནས།
སྔོན་མོའི་གཡུ་ཆུང་བླངས་ཡོད།
ནམ་ཞིག་འུ་གཉིས་འཕྲད་དུས།
དགའ་བའི་ལག་རྟགས་དེ་ཡིན།
༢ལྷོ་འཛམ་གླིང་ཆགས་པའི་གངས་རྒན་ལ།
རི་གངས་དཀར་ཏི་སེ་ཞེས་སུ་འབོད།
བོད་ཁ་བའི་སེམས་ཀྱི་བླ་རི་ཁྱེད།
གླུ་སྙན་མོའི་དྲུག་འགྱུར་གླུ་ཡིས་བསྟོད།
གླུ་སྙན་མོའི་དྲུག་འགྱུར་གླུ་ཡིས་བསྟོད།
གླུ་སྙན་མོའི་དྲུག་འགྱུར་གླུ་ཡིས་བསྟོད།
གླུ་སྙན་མོའི་དྲུག་འགྱུར་གླུ་ཡིས་བསྟོད།
热门歌词