གུར་གུམ་དམར་པོ།,
藏红花
作曲:拉毛
作词:拉毛
演唱:拉毛
(歌词大意)
གཟིམ་ཆུང་དགའ་ལྡན་འོད་གསལ་ནང་ལ།།,
具喜光明寝宫中,
ཤུག་དམར་རིན་ཆེན་བཞུགས་ཁྲིའི་ཟུར་ལ།།,
香柏所造宝座旁,
འཐག་བཟང་རྒྱ་རུམ་གདན་ཆའི་སྟེང་ལ།།,
锦绣罗绮坐席上,
ལས་འཕྲོ་ཅན་གྱི་བྱམས་པ་ཕེབས་བྱུང་།།,
有缘佳人齐相聚,
གུར་གུམ་བཞུགས་ཁྲི་ཡག་པ།།,
红花宝座华美,
རྒྱབ་སྙེའི་བར་ཚངས་བདེ་བ།།,
纤柔隐囊安适,
མགོ་རུ་སྨུག་པོའི་ཁ་འཛིན།།,
毡房祥瑞之源,
བདག་མོར་སྐུ་བསོད་ཆེ་བ།།,
主母福寿无双,
སྐུ་ཡོན་ཅན་གྱི་སེམས་སོང་བྱམས་པ་ཁྱོད།,
我见倾心之佳人,
ཤིང་བཟང་ཡོལ་བའི་སྟེང་གི་ནོར་བུ་དགའ་འཁྱིལ་འདྲ་རེད།,
一如屏上如意宝,
ཁ་གདན་འབྲུག་མའི་ཐོག་གི་རྟགས་བརྒྱད་རི་མོ་འདྲ་རེད།,
又似毯面八宝纹,
གཞིས་ཆུང་ཀ་བཞི་གདུང་བརྒྱད་ནང་ལ།།,
四梁八柱屋宅中,
འཁྲུངས་ཡག་ཙན་དན་མཆོད་ཁྲིའི་འོག་ལ།།,
旃檀良木供桌下,
བྱོན་ཡག་དཀར་དམར་སྡེར་ཁའི་ཟུར་ལ།།,
珍馐佳肴杯盏旁,
ལས་འཕྲོ་ཅན་གྱི་བྱམས་པ་ཕེབས་བྱུང་།།,
有缘佳人齐相聚,
གུར་གུམ་མཆོད་ཁྲི་བརྗིད་པ།།,
红花供桌庄严,
ནང་ཆས་གཟབ་རྒྱས་དོད་པ།།,
内设器具精美,
མགོ་རུ་སྨུག་པོའི་ཁ་འཛིན།།,
毡房祥瑞之源,
བདག་མོར་སྐུ་བསོད་ཆེ་བ།།,
主母福寿无双,
སྐུ་ཡོན་ཅན་གྱི་སེམས་སོང་བྱམས་པ་ཁྱོད།,
我见倾心之佳人,
སྟོང་སྐུད་བྱེ་བས་བཏགས་པའི་ཟ་འོག་དགུ་སྒྲིལ་འདྲ་རེད།,
一如细织之彩锦,
གཟོང་བཟང་འཕྲུལ་གྱིས་བརྐོས་པའི་པ་ཏྲའི་འཁྱུག་རིས་འདྲ་རེད།,
又似精雕之华纹。