宿缘 - 旦旦
词:章古泽丹
曲:旦旦
编曲:旦旦
吉他:旦旦
民歌:ANU巴雅
录音/混音/母带处理:D&M Records
制作人:旦旦
OP/SP:布谷鸟音乐
出品:布谷鸟音乐
སྐྱ་རེངས་འཆར་བའི་ཤར་ཕྱོགས་སུ།།
མིག་ལ་བརྩེ་བའི་འོད་མདངས་འཚེར།།
སྨག་རུམ་ཁུག་པའི་ནུབ་ཕྱོགས་སུ།།
གཉིད་ལ་གདུང་བའི་བད་མོ་ཆགས།།
གསོལ་བ་འདེབས་ཡོད།
བརྐྱང་ཕྱག་འཚལ་ཡང།
ལས་ཀྱི་ཨ་ལོང་རང་རང་ལ་བསྐོན་ཡོད།
དགའ་སྐྱོ་ཟུང་གིས་བསྙལ་བའི་ལོ་ཟླ་ནི།
རྟག་པ་མེད་པའི་མི་ཚེ་ཡིན།
ཁ་བ་ལྷུང་བའི་མཐོ་སྒང་དུ།།
ཚེ་ལ་ཞེན་བའི་དུང་སེམས་འཁོར།།
དགའ་ལོ་ཤོར་བའི་རྒྱང་རིང་དུ།།
ཡིད་ལ་ཡུན་གྱི་ན་ཟུག་བརྐོས།།
སྐྱོ་གླུ་བླངས་ཡོད།
མིག་ཆུ་ཐོར་ཡང་།
ལས་ཀྱི་ལམ་མདོ་རང་རང་ལ་འཁོར་ཡོད།
འདུ་བྲལ་གཉིས་ཀྱིས་བསླས་པའི་ཁ་སང་ནི།
བཟློག་ཐབས་མེད་པའི་ལས་དབང་ཡིན།
ངེད་གཉིས་ཀྱི་གཏམ་རྒྱུད་ནི།།
རླུང་ནང་གི་ལོ་མ་རེད།།
ཆུ་ངོགས་ཀྱི་ཟླ་བ་རེད།།
ཆར་རྗེས་ཀྱི་འཇའ་འོད་རེད།
ཤུལ་ལྷག་གི་དྲན་གདུང་ནི།།
རྡོ་བརྐོས་གྱི་རི་མོ་འདྲ།།
བར་མེད་གྱི་དུས་འཁོར་འདྲ།།
སྣེ་མེད་ཀྱི་ལམ་རིང་འདྲ།།
དགའ་ལོ་ཤོར་བའི་རྒྱང་རིང་དུ།
ཡིད་ལ་ཡུན་གྱི་ན་ཟུག་ཡོད།