知心 - 甘孜洛桑
词:根呷尼玛
曲:加伯
དབྱར་ཀའི་སྤང་ལྗོངས་སྟེང་ན།
རྩྭ་ཆུ་སྐྱིད་ལ་རོལ་བའི།
ཤ་བ་ཕོ་མོ་ཡི་བརྩེ་དུང་།
ཅི་འདྲའི་ཡིད་སེམས་མཐུན་པ།
ཨོ་་་ཨོ་་་་རྩྭ་ཆུ་སྐྱིད་ལ་རོལ།
ཨོ་་་ཤ་བ་ཕོ་མོ་ཡི་བརྩེ་དུང་།
ཅི་འདྲའི་ཡིད་སེམས་མཐུན་པ།
དལ་འབབ་མཚོ་མོའི་འགྲམ་ན།
གསེར་བྱ་ངང་བ་ཆ་གཅིག།
འཐུང་རྒྱུ་ཆུ་ལས་མེད་ཀྱང་།
ཅི་འདྲའི་ཡིད་སེམས་མཐུན་པ།
ཨོ་་་་ཨོོོོོོོོ་་་་གསེར་བྱ་ངང་བ་ཆ་གཅིག།
ཨོ་་་འཐུང་རྒྱུ་ལས་མེད་ཀྱང་།
ཅི་འདྲའི་ཡིད་སེམས་མཐུན་པ།
སྡེ་ཆེན་ན་ཟླའི་དཀྱིལ་ན།
ཚེ་གཅིག་འདུན་པ་བཅོལ་བའི།
ང་དང་ཆུང་འདྲིས་བྱམས་པ།
ཅི་འདྲའི་ཡིད་སེམས་མཐུན་པ།
ཨོ་་ཨོོོོ་་ཚེ་གཅིག་འདུན་པ་བཅོལ་བའི།
ཨོ་་་ང་དང་ཆུང་འདྲིས་བྱམས་པ།
ཅི་འདྲའི་ཡིད་སེམས་མཐུན་པ