欢迎来到 小样儿目录

拉吉 - 祝福歌

祝福歌-拉吉
词:达瓦顿珠(单白加)
曲:岭嘉·其麦泽仁(曲迈才让)
未经许可,不得翻唱或使用
སྔོ་ལྗང་འབྲོག་པའི་ལྷས་རྭ་གཅིག།།
གྲོ་ནས་འབྲས་ཀྱི་ཞིང་ས་གཉིས།།
མཐོ་སྒང་རི་ཆུ་ནགས་ཚལ་གསུམ།།
ང་ཚོ་བོད་པའི་འཚོ་གནས་རེད།།
ལོ་ཡག་སྦྲང་དཀར་རྩམ་པ་གཅིག།།
ལྷད་མེད་འབྲི་མར་སེར་པོ་གཉིས།།
བྲོ་ཞིམ་བཅུད་ལྡན་འོ་ཞོ་གསུམ།།
ང་ཚོ་བོད་པའི་འཚོ་རྟེན་རེད།།
མི་རིགས་ཀུན་ལ་མཐུན་སྒྲིལ་གཅིག།།
རིག་གནས་ཀུན་ལ་སློབ་སྦྱོང་གཉིས།།
རང་ཚུགས་རྩ་བ་ཟིན་པ་གསུམ།།
ང་ཚོ་བོད་པའི་རེ་བ་རེད།།
ཆེ་བཀུར་ཆུང་ལ་བྱམས་བརྩེ་གཅིག།།
དད་དང་ལས་འབྲས་ཡིད་ཆེས་གཉིས།།
དྲང་བདེན་ངོ་ཚ་ཁྲེལ་ཡོད་གསུམ།།
ང་ཚོ་བོད་པའི་བསམ་སྤྱོད་རེད།།
ཡུལ་དང་ཁོར་ཡུག་སྲུང་སྐྱོབ་གཅིག།།
ཕྱི་ནང་གཙང་སྦྲ་འཕྲོད་བསྟེན་གཉིས།།
སྐད་དང་ཡི་གེའི་རྒྱུན་འཛིན་གསུམ།།
ང་ཚོ་བོད་པའི་ལས་ཀ་རེད།།
མི་རིགས་ཀུན་ལ་མཐུན་སྒྲིལ་གཅིག།།
རིག་གནས་ཀུན་ལ་སློབ་སྦྱོང་གཉིས།།
རང་ཚུགས་རྩ་བ་ཟིན་པ་གསུམ།།
ང་ཚོ་བོད་པའི་རེ་བ་རེད།།
མི་རིགས་ཀུན་ལ་མཐུན་སྒྲིལ་གཅིག།།
རིག་གནས་ཀུན་ལ་སློབ་སྦྱོང་གཉིས།།
རང་ཚུགས་རྩ་བ་ཟིན་པ་གསུམ།།
ང་ཚོ་བོད་པའི་རེ་བ་རེད།།
热门歌词