作词 : 西藏病人
作曲 : 西藏病人
编曲 : 西藏病人
ལྷ་ས།
拉萨
བསྐལ་བ་གྲངས་མེད་ལ་བསགས་པའི་སྡིག་ཉེས་ཀྱི་ཕུང་བོ་ཁུར་ཏེ
身背千万世的罪孽
སྲིན་མོའི་སྙིང་ཁ་ན་ཆགས་པའི་གཙུག་ལག་ཁང་གི་གྱང་ངོས་བརྒྱུད་དུས
路过修建在罗刹女胸口的大昭寺之际
ཡ་ཐོད་ཀྱི་མིག་འབྲས་བཀོག་པའི་སྐུ་དྲག་གི་རྣམ་ཤེས་ལ་འཕྲད་ཚེ
如果遇见了 被挖去眼珠的贵族幽灵
གཡོལ་ནས་འགྲོའམ་བདེ་མོ་ཞེས་འཚམས་འདྲི་ཞུ་འོས
你要躲避呢还是要上前去问候
ལྷ་ས ཆར་བའི་གྲོང
拉萨 雨水之城
རེ་བཞག་རྩ་བ་ནས་མེད་པའི་དུས་རབས་གཅིག་སྐྱོ་སྣང་གིས་བརྒལ་ཏེ
用悲痛过完一个没有期望的世纪
མཚན་ཆར་ཟམ་ཟམ་གྱིས་བརླན་པའི་བར་སྐོར་གྱི་སྲང་ལམ་བརྟོལ་དུས
穿过细雨绵绵的八廓街之际
ཁ་ངོ་གཟན་གྱིས་བཏུམས་པའི་སེར་དམག་གི་དཔུང་དང་ཐུག་ཚེ
如果遇见了用袈裟蒙面的僧兵
སྐུང་ནས་འདུག་གམ་འཚབ་འཚུབ་ངང་མཇལ་ཁ་ཞུ་འོས
你要藏着呢还是要匆匆去拜见
ལྷ་ས འཁྲུལ་བའི་གྲོང
拉萨 迷幻之城
སྟོང་མཆོད་མེ་ཏོག་གི་ཕྲེང་བ་ནམ་མཁའི་ཁྱོན་དུ་བཙུགས་ཏེ
千盏酥油灯悬挂在空中
སྒྱུ་མའི་ཤིང་རྟ་ལ་བསྡད་ནས་པོ་ཏ་ལའི་ཐང་ཆེན་བརྒལ་དུས
坐上魔幻的马车路过布达拉大门之际
སྐྱིད་ཆུའི་དྲམ་གཞུང་དུ་ལུས་པའི་མི་དཔོན་གྱི་བེམ་པོ་མཐོང་ཚེ
如果看见了漂浮在吉曲河面的头人死尸
རྣམ་རྟོག་ངང་བསྐྱུར་རམ་འོས་འཚམ་གྱི་འདས་མཆོད་བསྒྲུབ་འོས
要忌讳着丢弃呢还是要去办个体面的葬礼
ལྷ་ས བཟི་བའི་གྲོང་ཁྱེར
拉萨 醉酒之城
拉萨
制作人:拉姆拉措
编曲/吉他/录音/混音/母带:葫芦娃杰克
键盘:周杨
贝斯:FG
出品:迷幻坛城