སེམས་ཀྱི་གངས་ལྷ་མེ་ཏོག་(མཚོ་སྣ་སློབ་ཆུང་གི་སློབ་རའི་སྙན་དབྱངས།) ཚིག་ གཉལ་ཚེ་རིང་དབང་འདུས། གདངས་ བློ་བཟང་འཇམ་དབྱངས། སེམས་ཀྱི་གངས་ལྷ་ སེམས་ཀྱི་མེ་ཏོགརྩེ་མོ་ནམ་མཁར་སྙེགས་པའི་ང་ཡི་གངས་ལྷ་མེ་ཏོག་སྙིང་སྟོབས་གངས་ལྟར་འགྲན་པའི་ང་ཡི་མཚོ་སྣ་སློབ་ཆུང་།ཨའ་ མེ་ཏོག་མཛེས་ མཚོ་སྣ་སྐྱིད་ང་ནི་མཚོ་སྣའི་གཞུང་གི་གངས་ལྷ་མེ་ཏོག་ཡིན་ནོ། ཁ་ཆར་བུ་ཡུག་ཁྲོད་ཀྱི་ང་ཡི་གངས་ལྷ་མེ་ཏོགསད་སེར་གྲང་ངར་ཁྲོད་ཀྱི་ང་ཡི་གངས་ལྷ་མེ་ཏོགཡ་རབས་ཀུན་སྤྱོད་ལྡན་པ་ང་ཡི་མཚོ་སྣ་སློབ་ཆུང་།འཚར་ལོངས་མྱུ་གུ་རྒྱས་ས་ང་ཡི་མཚོ་སྣ་སློབ་ཆུང་།ཤེས་ལྡན་བུ་ཆུང་སྐྱོང་མཁན་ང་ཡི་མཚོ་སྣ་སློབ་ཆུང་། མེ་ཏོག་མཛེས་ སློབ་གྲྭ་སྐྱིད།འདི་ནི་དུས་རབས་གསར་པའི་སེམས་ཀྱི་གངས་ལྷ་མེ་ཏོགའདི་ནི་སེམས་ཀྱི་ཞིང་ཁམས་ང་ཡི་མཚོ་སྣ་སློབ་ཆུང་། དགུན་གསུམ་གྲང་ངར་མི་སྐྲག་ང་ཡི་མ་ཡུམ་སློབ་གྲྭ།སེམས་ཀྱི་གུས་ཕྱག་འབུལ་ས་ང་ཡི་མ་ཡུམ་སློབ་གྲྭ།ཤེས་རིག་གཤོག་རྩལ་ངོམས་ས་ང་ཡི་མཚོ་སྣ་སློབ་ཆུང་།མ་འོངས་ཕུགས་བསམ་བསྐྲུན་ས་ང་ཡི་མཚོ་སྣ་སློབ་ཆུང་།ཤེས་རིག་སྒྲོན་མེ་སྤར་ས་ང་ཡི་མཚོ་སྣ་སློབ་ཆུང་། མཚོ་སྣ་སྐྱིད་ སློབ་གྲྭ་སྐྱིད།འདི་ནི་ཤེས་དཔལ་དར་སའི་སེམས་ཀྱི་གངས་ལྷ་མེ་ཏོགའདི་ནི་དར་ཞིང་རྒྱས་པའི་ང་ཡི་མཚོ་ས