酒歌 - 才让措
གྲལ་འགོ་ཡར་ལ་གཟིགས་དང་།།
གྲལ་མགོ་ཕ་དང་ཨ་ཁུ།།
ཨ་ཁུ་ཚེ་རིང་ལོ་བརྒྱ།།
མཆོད་ཆང་གཙང་གཞེས་གནོངས་དང་།།
བཞུགས་གྲལ་གཏམ་གྱི་རྒྱན་ཡོང་།།
༢.གྲལ་སྐེད་བར་ལ་གཟིགས་དང་།།
གྲལ་སྐེད་སྟག་ཤར་གཞོན་པ་།།
གཞོན་པ་བྱ་བ་ལམ་འགྲོ།།
མཆོད་ཆང་གཙང་བཞེས་གནོངས་དང་།།
བཞུགས་གྲལ་ཉམས་ཀྱི་སྐྱིད་ཡོང་།།
གྲལ་ཞོལ་མར་ལ་གཟིགས་དང་།།
གྲལ་ཞོལ་མ་དང་སྲུ་མོ།།
མ་སྲུ་ཁ་དྲོ་བཀྲ་ཤིས།།
མཆོད་ཆང་གཙང་གཞས་གནོངས་དང་།།
བཞུགས་གྲལ་འཛུམ་གྱི་བསུའི་ཡོང་།།
གྲལ་ཞོལ་མར་ལ་གཟིགས་དང་།།
གྲལ་ཞོལ་མ་དང་སྲུ་མོ།།
མ་སྲུ་ཁ་དྲོ་བཀྲ་ཤིས།།
མ་སྲུ་ཁ་དྲོ་བཀྲ་ཤིས།།