ང་ཡི་སྨོན་ལམ་དང་པོ།
གངས་རི་ཡར་ལ་བསྟས་པས་།
སེམས་པ་གངས་ལས་དཀར་ཤོག།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
གངས་དཀར་པོ་འགྱུར་བ་མེད་པའི་གསུང་ད་ལས་མོ་གསུང།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
གངས་དཀར་པོ་འགྱུར་བ་མེད་པའི་གསུང་ད་ལས་མོ་གསུང།
ང་ཡི་སྨོན་ལམ་གཉིས་པ།
བྲག་རི་ཡར་ལ་བསྟས་པས་།
སྐུ་ཚེ་བྲག་ལས་བསྟན་ཤོག།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
བྲག་དཀར་པོ་འགྱུར་བ་མེད་པའི་གསུང་ད་ལས་མོ་གསུང།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
བྲག་དཀར་པོ་འགྱུར་བ་མེད་པའི་གསུང་ད་ལས་མོ་གསུང།
ང་ཡི་སྨོན་ལམ་གསུམ་པ།
ཆུ་མོ་མར་ལ་བསྟས་པས།
མི་རྒྱུས་ཆུ་ལས་རིང་ཤོག།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
ཆུ་སྔོན་མོ་འགྱུར་བ་མེད་པའི་གསུང་ད་ལས་མོ་གསུང།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
ཆུ་སྔོན་མོ་འགྱུར་བ་མེད་པའི་གསུང་ད་ལས་མོ་གསུང།
ང་ཡི་སྨོན་ལམ་བཟང་པོ།
གཞུགས་གྲལ་ཡར་ལ་བསྟས་པས།
ཕ་མ་སྐུ་ཚེ་རིང་ཤོག།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
དྲིན་ཕ་མ་སྐུ་ཚེ་རིང་བའི་སྨོན་ལམ་བུ་ངས་བཏབ་ཡོད།
སྨོན་ལམ་ཡང་ཡང་བཏབ་ཡོད་ཞུས་པས།
དྲིན་ཕ་མ་སྐུ་ཚེ་རིང་བའི་སྨོན་ལམ་ཡང་ཡང་བཏབ་ཡོད།