ལྷ་ས།
拉萨
ཚིག དམངས་ཁྲོད།
词 民歌
དབྱངས། དམངས་ཁྲོད།
曲 民歌
གླུ་བ། རྨེ་རྟ་མགྲིན་ཚེ་རིང་།
歌手 麦旦正才让
སྐྱིད་པོ་ལ་ཉི་མ་ལྷ་ས་་་ཨ་ལ།།
འཇའ་དང་འོད་ཀྱིས་ལ་གང་བྱུང་་་ཡ་རེ་ལོ།།
ཇོ་བོ་ལ་ཡིད་བཞིན་ནོར་བུ་་་ཨ་ལ།།
དགུང་གི་ཉི་མ་ལ་འདྲ་བྱུང་་་ཡ་རེ་ལོ།།
ཡར་ལ་ནས་མཆོད་པ་འབུལ་དུས་་་ཨ་ལ།།
མར་ལ་དངོས་གྲུབ་ལ་གནང་བྱུང་་་ཡ་རེ་ལོ།།
སྐྱེ་འགྲོ་ལ་སེམས་ཅན་ཡོང་ལ་་་ཨ་ལ།།
ཐུགས་རྗེ་སྤྱན་གྱིས་ལ་གཟིགས་བྱུང་་་ཡ་རེ་ལོ།།
~
སྐྱིད་པོ་ལ་ཉི་མ་ལྷ་ས་་་ཨ་ལ།།
འཇའ་དང་འོད་ཀྱིས་ལ་གང་བྱུང་་་ཡ་རེ་ལོ།།
དྲིན་ཆེན་ལ་རྩ་བའི་བླ་མ་་་ཨ་ལ།།
བཅོ་ལྔའི་ཟླ་བ་ལ་འདྲ་བྱུང་་་ཡ་རེ་ལོ།།
ཡར་ལ་ནས་མཇལ་དར་འབུལ་དུས་་་ཨ་ལ།།
མར་ལ་ཚེ་དབང་ལ་གནང་བྱུང་་་ཡ་རེ་ལོ།།
ཚེ་རིང་ལ་ནད་མེད་ཡོང་བའི་་་ཨ་ལ།
ཚེ་ཡི་དངོས་གྲུབ་ལ་གནང་བྱུང་་་ཡ་རེ་ལོ།།