ཆང་གཞས།
酒歌
གླུ་ཚིག། འབྲོང་ནག་ · སྐར་བསམ།
作词 : 仲纳 . 桑木登
གླུ་དབྱངས། འབྲོང་ནག་ · སྐར་བསམ།
作曲 : 仲纳 . 桑木登
ལེན་མཁན། འབྲོང་ནག་ · སྐར་བསམ།
演唱 : 仲纳 . 桑木登
ཆང་འདི་མི་འཐུང་མ་གསུང་།
莫言不饮此杯酒
བྱམས་ལྡན་ཨ་ཕའི་སེམས་པ།
祥父之意在于此
ལོ་ཆང་ཁམ་པར་ཤོར་ཡོད།
酝酿整年的美酒
གཡང་དཀར་འཕེལ་ཁ་དར་དུས།
随着羊羔儿茁壮
བཟི་ཁ་སེམས་ལ་ཟུག་ཡོད།
醉了赤诚的心灵
བཟི་ཁ་སེམས་ལ་ཟུག་ཡོད།
醉了赤诚的心灵
ཨ་ལ་ཡེ། ཨ་ལ་ཡེ།
啊啦耶 啊啦耶
ཨ་ཕར་འདང་ཞིག་རྒྱག་ན།
心念慈父的祥和
ཆང་འདི་གཙང་བཞེས་གནང་རོགས།།
请你畅饮这美酒
~
ཆང་འདི་མི་འཐུང་མ་གསུང་།
莫言不饮此杯酒
ཨ་ཅག་བུ་མོའི་སེམས་པ།
阿姐姑娘的心血
ཞིང་ཚིགས་གྲུ་བཞིར་ཤོར་ཡོད།
倾注在四方良田
ནས་འབྲུ་སྔོན་མོའི་སྐྱེ་ཡ།
青稞清香又甘甜
བོད་པའི་བུ་མོས་བྱས་ཡོད།
藏家姑娘亲手酿
བོད་པའི་བུ་མོས་བྱས་ཡོད།
藏家姑娘亲手酿
ཨ་ལ་ཡེ། ཨ་ལ་ཡེ།
啊啦耶 啊啦耶
བུ་མོར་འདང་ཞིག་ཡོད་ན།
心念姑娘的勤劳
ཆང་འདི་གཙང་གཞེས་གནང་རོགས།།
请你畅饮这美酒
~
ཆང་འདི་མི་འཐུང་མ་གསུང་།
莫言不饮此杯酒
གཞིས་བྱེས་སྤུན་ཟླའི་དགྱེས་འཛོམས།
四海兄弟今欢聚
བདུད་རྩི་ཆང་ལ་བཅོལ་ཡོད།
举起酒杯一醉休
དགའ་སྐྱིད་འཛོམས་པའི་གཞས་ཆུང།
唱起欢乐的歌曲
ཆང་ཕོར་ཁ་ལ་འཁྱིལ་ཡོད།
酒杯里斟满美酒
ཆང་ཕོར་ཁ་ལ་འཁྱིལ་ཡོད།
酒杯里斟满美酒
ཨ་ལ་ཡེ། ཨ་ལ་ཡེ།
啊啦耶 啊啦耶
ཆང་འདིར་འདང་ཞིག་རྒྱག་ན།
心念美酒的醇香
གཞས་འདི་ཡང་གཅིག་ལེན་རོགས།
请你再唱这首歌
གཞས་འདི་ཡང་གཅིག་ལེན་རོགས།།
请你再唱这首歌