欢迎来到 小样儿目录

更登江措 - 意中人

意中人 - 更登江措
སྡེ་ཆུང་ཆུང་སྡེ་བའི་སྡེ་དཀྱིལ་ན།།
ང་དགའ་སའི་རོགས་ཞིག་ཡོད་ཀི་ར།།
རོགས་ཆུང་ལོ་ཆ་མེད་རྒྱུས་མེད་རེད།།
ཚིག་སྙིང་གཏམ་བཤད་རོགས་མ་ཆོད་ཐལ།།
རོགས་ཆུང་ལོ་སྡེ་ནང་ནོར་བུ་རེད།།
ང་བུ་ཆུང་སྡེ་མཐའི་སྐར་མ་རེད།།
སྡེ་གཅིག་ནས་འཛོམས་ཐབས་མེད་ན་ཡང་།།
སེམས་བརྩེ་བ་ནམས་ཡང་མཉམ་དུ་ཡོད།།
སེམས་བརྩེ་བ་ནམས་ཡང་མཉམ་དུ་ཡོད།།
སྦྲ་ཆུང་ཆུང་སྦྲ་ཡི་ནང་རོལ་ན།།
ལུས་ཆར་ཆུའི་བརླན་པའི་ན་ཆུང་མ།།
འཁྱུག་ལྡེམ་ལྡེམ་གོམ་པའི་གར་ལྟབས་དེ།།
སྤང་མེ་ལོང་སྟེང་གི་སེར་ཆེན་རེད།།
སྨུག་ལང་ལོང་ནང་གི་གླུ་སྐད་དེ།།
ཤིང་ལྗོན་པའི་རྩེ་གི་ཁུ་བྱུག་རེད།།
སྙན་ལྷང་ངེར་སེམས་པའི་དཀྱུལ་ལ་ལྷུང་།།
ཚེ་སྐལ་བར་བཞག་པའི་དྲན་ཤིང་ཡིན།།
ཚེ་སྐལ་བར་བཞག་པའི་དྲན་ཤིང་ཡིན།།
དྲིན་ཕ་མ་དགོང་གི་ཉི་ཟླ་རེད། །
ནང་ཕུ་ནུ་སྐར་ཆེན་སྐར་ཆུང་རེད།།
རོགས་འུ་གཉིས་སྐར་མའི་ཕྲ་རྒྱན་རེད།།
ཞེ་སྣང་བ་མཐུན་ན་འདང་རེ་ཆགས།།
ལུས་ལང་ཚོ་ཟད་པའི་རྒན་གཉེར་ལ།།
འབྲལ་མི་ཕོད་དམ་བའི་རི་མོ་ཡོད།།
ལོ་ཟླ་བ་འདས་པའི་སྣེ་མོ་ན།།
གཏམ་མི་ཁའི་སྐོར་བའི་ལས་དབང་ཡོད།།
ལོ་ཟླ་བ་འདས་པའི་སྣེ་མོ་ན།།
གཏམ་མི་ཁའི་སྐོར་བའི་ལས་དབང་ཡོད།།
གཏམ་མི་ཁའི་སྐོར་བའི་ལས་དབང་ཡོད།།
热门歌词