欢迎来到 小样儿目录

索当珠 - 命运的安排

作曲 : 索当珠编曲 : 索当珠ཉི་འོད་ཀྱི་རྐང་ལམ་ཕྲ་མོ།ཁ་བ་དང་ཁ་བ།ང་འདི་ལྟར་ཆས་སོང།ལས་བསྐོས་ཀྱི་ས་མཐའ་དེ་ན།སྙིང་གྲོགས་ལགས། ང་ལ་སྐྱེལ་མ་མི་དགོས།མིག་ཆུ་ཡི་སྐྱེལ་མ་མི་དགོས།ང་གཉིས་ལས་ཀྱི་འཕྲོ་མ་དེ་རྫོགས་སོང་བས།ང་གཉིས་གཤིབས་པའི་སྐལ་བ་དེ་ཟད་སོང་བས།དགོངས་པ་མ་འཚོམས།བརྩེ་བ་དང་དུངས་བ་ཡོད་ཚད་གངས་ལ་སྦས་ཞོགརླུང་ལ་བསྐུར་ཞོགཐག་རིང་གི་ང་།ནམ་ཞིག་ནམ་ཞིག་དུས་ཚོད་ཀྱིས་བརྗེད་འགྲོ།དུས་ཚོད་ཀྱིས་བརྗེད་འགྲོ།ང་གཉིས་ལས་ཀྱི་འཕྲོ་མ་དེ་རྫོགས་སོང་བས།ང་གཉིས་གཤིབས་པའི་སྐལ་བ་དེ་ཟད་སོང་བས།དགོངས་པ་མ་འཚོམས།འཛུམ་མདངས་དང་མིག་ཆུ་ཡོད་ཚད་གནམ་ལ་སྤུར་ཞོགཆུ་ལ་བསྐུར་ཞོགཐག་རིང་གི་ང་།ནམ་ཞིག་ནམ་ཞིག་དུས་ཚོད་ཀྱིས་བརྗེད་འགྲོ།དུས་ཚོད་ཀྱིས་བརྗེད་འགྲོ།
热门歌词