欢迎来到 小样儿目录

洛桑巴旦 - 缘分

བྱང་ཐང་སྒོར་གཞས་གསར་པ༼ལས་དབང་༽
那曲羌塘锅庄《缘分》
ཚིག་ ཉམ་ཆུང་རི་བོང་
歌词:弱小的兔子
དབྱངས་ གུ་རུ་རྡོ་རྗེ་
作曲:古如多杰
ལེན་མཁན་ བློ་བཟང་དཔལ་ལྡན་
演唱:洛桑巴旦
མཐོ་སྤྲིན་དཀར་འོག་གིས་འདབ་ཆགས་བྱ།།
ཁྱེད་ལྡིང་ན་མཁའ་དབྱིང་མཐོན་པོའི་རྒྱན།།
ཁྱེད་མ་ལྡིང་ཕ་གཞིས་བྲག་དཀར་མཛེས།།
དེ་གཤོག་དྲུག་ཅན་གྱི་ལས་དབང་རེད།།
~
ཐང་ཆེན་པོའི་ཟུར་རྒྱན་ཁ་དཀར་རྐྱང་།།
ཁྱེད་རྒྱུགས་ན་བང་རྩལ་རླུང་ལ་འདྲེས།།
ཁྱེད་མ་རྒྱུག་སྤང་ལྗོངས་སྣང་བ་སྐྱིད།།
དེ་རྔོག་རྩེད་ཅན་གྱི་ལས་དབང་རེད།།
~
མཚོ་སྔོན་མོའི་ནང་བཅུད་གསེར་མིག་ཉ།།
ཁྱེད་འཁྱུགས་ན་སྐྱེ་རྩལ་སུ་ཡིས་འགྲན།།
ཁྱེད་མ་འཁྱུག་རྒྱ་མཚོ་ཆུ་ཡིས་གཡང་།།
དེ་གསེར་མིག་ཅན་གྱི་ལས་དབང་རེད།།
~
སྦྲ་མཐིང་སྨུག་ཀ་བ་་སྟག་ཤར་བུ། །
ཁྱེད་སོང་ན་སྡེ་བའི་རྒྱན་དུ་མཛེས། །
ཁྱེད་བསྡད་ན་གཡང་ཁྱིམ་གྲུ་བཞིའི་འཁོར།།
དེ་སོ་ཞོ་ཅན་གྱི་ལས་དབང་རེད། །
热门歌词