ཕ་མའི་དུས་ཆེན་སྲུང་བརྩི་བྱེད་རོགས།
感恩父母
ཚིག་ཨ་རིག་པ་ཨོ་རྒྱན་རྡོ་རྗེ།
作词:阿热巴俄尖朵吉
作曲:三智才让
歌手:羊修拉姆
མཁས་འཛིངས་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ།།
ཞལ་གྲོས་གཅིག་མཐུན་གྱིས་གཏན་ཁེལ་གནང་བའི།།
ཆོས་འཁོར་ཟླ་བ་ཡི་ཡར་ཚེས་བཅོ་ལྔ།།
ཕ་མའི་དྲིན་འཇལ་དུ་སྲུང་རྩི་བྱེད་འོས།།
~
ཁ་བ་གངས་ཅན་པའི་བུ་རབས་ཚ་རྒྱུད།།
དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་དེ།།
བཀའ་དྲིན་གཞལ་མེད་ཀྱི་དྲིན་ཆེན་ཕ་མའི།།
དམིགས་བསལ་དུས་ཆེན་འདི་བརྩི་སྲུང་མ་བརྗེད།།
~
འུ་ཅག་ཆུང་ཆུང་ནས་ད་རག་བར་དུ།།
བྱམས་བརྩེ་ཟོལ་མེད་ཀྱིས་གཅེས་པར་བསྐྱང་བའི།།
གངས་ཅན་ཕ་མ་ཡི་དྲིན་ལན་དུས་ཆེན།།
ཕྱི་རབས་གངས་ཅན་པས་རྒྱུན་སྐྱོང་མཛད་རོགས།།
~
བྷོ་ཊའི་མི་རིགས་ཀྱི་གཞོན་སྐྱེས་ཕོ་མོའི།།
རང་གི་ལྟོ་གོས་ལ་གཙིགས་སུ་མ་འཛིན།།
ཕ་མ་སྤྲོ་སྐྱིད་ཀྱིས་འཚོ་བའི་ཐབས་སུ།།
རང་ནུས་གང་ཡོད་ཀྱིས་འབད་པ་བྱེད་རོགས།།