欢迎来到 小样儿目录

仁多尔 - 逍遥自在

逍遥自在 - 仁多尔
词:尔多仁
曲:尔多仁
编曲:仁多尔
འེ་འེ།
ཧ་ཧ་ཧ་ཧ་ཧ།
ངའི་གཞས་མ་གཏམ། འེ་ཡོ།
Let's get it ཕོ།
རྩྭ་ཐང་སྟེང་དུ་འགྲོ། རླངས་འཁོར་གཅིག་ཀྱང་མེད་པའི་ཡུལ།
བསིལ་རླུང་དལ་བུར་གཡུགས། སྐྲ་ལོ་རིང་པོ་རླུང་གིས་བསྐྱོད།
རང་འགར་རྒྱུ་བའི་སྤྲིན། སེམས་ཁམས་སྐྱིད་པོ་ཆགས་པའི་རྒྱུ།
ཨ་མའི་བཟོས་བའི་སྟོད་གོས་སྟེང་།ཉི་མའི་གཟེགས་རྡུལ་ཆར་དུ་བསྙིལ།
མཁའ་དབུགས་དྭངས་བའི་ཉིན། སྒྲ་སྙན་ལག་ལ་ཁྱེར་ནས་འགྲོ།
གོམས་པ་སྤོ་མཚམས་རེར། དབྱངས་ཀྱི་འགྲོས་དང་བསྟུན་ནས་འགྲོ།
ཕྲ་ཆུལ་མེ་ཏོག་མཐོང་། ཆུང་འདྲིས་བྱམས་པར་མཛུམ་མདངས་འཁོར།
སྐྱིད་ཉི་མ་འདྲ་ཞིག་ཤར། ང་རང་དགའ་བའི་གླུ་དབྱངས་ལེན།
སྐད་ཀྱི་གདངས་དང་འདྲེས་བའི་ངག་གི་ཁུག་སོ་རེ་ན་ང་ཡི་སེམས་ཁུངས་གི་གཞས་མ་གཏམ།
སྒྲ་གདངས་སྙན་མོ་ང་རང་དགའ་ས་སྙན་པའི་གླུ་ཆུང་གཞས་མ་གཏམ།
སེམས་ཁམས་སྐྱིད་དུས། གླུ་དབྱངས་ལེན།
ཡང་གླུ་དབྱངས་ལེན་དུས། དགའ་སྤྲོའི་ཁེངས།
ཞབས་བྲོ་འཁྲབ་དུས། སྟངས་སྟབས་ངོམས།
ཡང་རྩེད་མོ་རྩེ་དུས། ཧ་ཧ
རྩྭ་ཐང་སྟེང་དུ། གྲོང་ཁྱེར་ནང་དུ།
ང་ཚོ་མཉམ་དུ། གླུ་དབྱངས་ལེན།
ད་རུང་རི་བོའི་རྩེ་ནས། ཀྭི
ཆུ་བོའི་འགྲམ་ནས། ཧ་ཧ་ཧ་ཧ།
གསར་བུ། གསར་མོ་ཚོ།
རྩྭ་ཐང་སྟེང་དུ་རྩེད།
ཞབས་བྲོ་འཁྲབ་བཞིན།
གླུ་དབྱངས་ལེན་ཞོར།
ཚང་མ་མཉམ་དུ་རྩེད།
མེ་ཏོག་གི་ན་ཚོད་ཅིག།
ཞུམ་མེད་ཀྱི་སྙིང་སྟོབས་ཞིག།
ན་ཆུང་ངའི་དྲན་ཚུལ་ཤིག།
འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་ཆས།
སེམས་ཁམས་དང་འཆར་གཞི་དེའི་ཆེད།
བྲེལ་འཚུབ་ངང་ལམ་ལ་ཆས་འགྲོ
རྩྭ་ཐང་། མེ་ཏོག སྦྲ་ནག གཡང་དཀར་ལུག་ཁྱུ་མཐོང་དུས།
བྱིས་དུས་ཀྱི་འཚོ་བ་དང
ཆེས་ཐོག་མའི་སེམས་ཁམས་དེ
དྲན་བྱུང་། རྙེད་བྱུང་།
ལྷད་མེད་ཀྱི་འཛུམ་མདངས་ཞིག་འཁྱིལ་བྱུང་།
དགའ་བྱུང་། སྐྱིད་བྱུང་།
ཕྱིར་དྲན་ཞིག་བྱས་ན།
ངའི་འཚོ་བའི་ཁྲོད་དུ།
སྐབས་རེ་ལ་ཐང་ཆད་གི
ཡིད་སེམས་སྡུག་གི
སྐྱོན་མེད་གི
རང་ཉིད་ལ་ཡིད་ཆེས་དང་
འཚོ་བར་བཅིང་བའི་སྤོབས་པ་ཡོད།
དེ་བས། ཅི་ལ་སྐྲག།
ཅི་ལ་ཕམ།ཅི་ལ་སྐྱོ།
འབད་ཆོག།བཙལ་ཆོག
མཚར་སྡུག་གི་མེ་ཏོག་ཅིག
རྙོག་འཛིང་གི་འཚོ་བར་མགོ་མི་སྒུར།
རྒྱུ་མཚན།
གཞས་དབྱངས་སྙན་མོ་ངའི་སེམས་གསོ་ཡིན།
དྲིན་ཆེན་ཕ་མ་ངའི་དྲོད་ཐིག་ཡིན།
དགེ་རྒན་དམ་པ་ངའི་ལམ་སྟོན་ཡིན།
ཆུང་འདྲིས་རྩེད་རོགས་ངའི་འགྲོ་རོགས་ཡིན
ཁྱེས་བཤད་ན
Don't want to be a loser to live with dignity
པི་ཝང་རྒྱུད་དྲུག་འཛོམས་པའི་རྟེན་འབྲེལ་ཐོག་མ།
ཚེ་རིང་རྣམ་དྲུག་འཛོམས་པའི་ཕྱྭ་གཡང་འདི་ལ་འཁྱིལ་ཡོད།
གཞས་མ་གཏམ་གྱིས་ང་ལ་སྤོབས་པ་སྦྱིན་དུས། སྐྲ་ལོ་རིང་བོ་ཤུགས་ཀྱིས་གཡུགས།
ཚེ་རིང་མཚོ་ཡི་ང་ལ་འཛུམ་མདངས་སྟོན་དུས། ཕྲ་ཆུང་མིག་ཟུང་དབང་མེད་ཅེར
དབྱངས་ཀྱི་འགྲོས་དང་བསྟུན་ན། གར་གྱི་སྟངས་སྟབས་ངོམས།
སྐད་ངག་སྙན་མོ་ཐོས་ན། ལུས་པོ་དབང་མེད་ལྡེམས་ལྡེམས་ལྡེམས།
རིན་ཐང་ཆེ་བ་གང་རེད། དུས་ཚོད། དམ་འཛིན་བྱེད།
ཁྱད་ཆོས་ཆེ་བ་གང་རེད། དུས་ཚོད། འབད་པ་བྱེད།
རྩེད་མོར་དགའ་བ་སུ་རེད། ན་གཞོན། ལག་རྡང་སྦྲེལ།
བསམ་བློ་གསར་བ་སུ་རེད། ན་གཞོན། འབད་པ་བྱོས།
热门歌词