欢迎来到 小样儿目录

索南卓曲 - 轮回

轮回 - 索南卓曲
词:增卡西
曲:巴桑
སེམས་པ་འདི་སྙི་མོ་སྙི་མ་ཞིག་ཡིན་ལ།
འཇིག་རྟེན་འདི།
བརྩེ་དུང་དང་རེ་སྨོན་གྱིས་གྲུབ་ཡོད།
མི་སེམས་རེ་རེ་་་
སྐྱོ་སྡུག་གི་འཇིག་རྟེན་ཞིག་ཡོད་སྲིད།
འཇིག་རྟེན་མ་སྟོངས་ཀྱི་བར་དུ།
སེམས་སྡུག་ནི་ཟད་མཐའ་མེད།
འཇིག་རྟེན་མ་སྟོངས་ཀྱི་བར་དུ།
སེམས་སྡུག་ནི་ཟད་མཐའ་མེད།
འཇིག་རྟེན་འདི།
ཟིང་ཟིང་འུར་འུར་ཞིག་ཡིན་ལ།
རྒྱལ་ཕམ་དང།
རྣག་ཁྲག་གིས་བཞེངས་བའི་གླུ་སྐད་ཅིག།
སེམས་པ་རེ་རེ།
སྐྱོམ་ནས་རྒྱང་རིང་དུ་བསྐྱོད་སོང།
འཇིག་རྟེན་མ་སྟོངས་ཀྱི་བར་དུ།
སེམས་སྡུག་ནི་ཟད་མཐའ་མེད།
འཇིག་རྟེན་མ་སྟོངས་ཀྱི་བར་དུ།
སེམས་སྡུག་ནི་ཟད་མཐའ་མེད།
འཇིག་རྟེན་ནས།
རང་ཉིད་རང་གིས་འཚོལ་དགོས་ལ།
ཀྱག་ཀྱོག་གི་
འགག་འཕྲང་བརྒལ་ནས་རང་ཉིད་འཚོལ་དགོས།
སྐྱོ་སྡུག་ཁྲི་འབུམ་གསེབ་ནས་མི་ཚེ་དེ་ཚར་འགྲོ།
འཇིག་རྟེན་མ་སྟོངས་ཀྱི་བར་དུ།
སེམས་སྡུག་ནི་ཟད་མཐའ་མེད།
འཇིག་རྟེན་མ་སྟོངས་ཀྱི་བར་དུ།
སེམས་སྡུག་ནི་ཟད་མཐའ་མེད།
热门歌词