青春之恋 - 曲杨卓玛
词:东坡鸟
曲:马岭龙珠
音乐宣传:谢旦贴吧工作
བྱམས་པ་གཡུ་ཏོག་ལྗང་ཁུ།།
ནང་སེམས་མཚོ་མོའི་རྒྱན་རེད།།
ཁ་འབྲས་མཚར་བའི་བུ་ཆུང་།།
གཞོན་པའི་རྩེད་རོགས་ཡིན་འགྲོ།།
ལས་དབང་མེད་ན་སྐྱུར་ཞོག།།
ཨུ་ཚུགས་བྱེད་དགོས་མི་འདུག།།
བསམ་ས་འདོད་ས་ཞིག་ནས།།
སེམས་པས་ངལ་གསོ་བྱས་ཆོག།།
བསམ་ས་འདོད་ས་ཞིག་ནས།།
སེམས་པས་ངལ་གསོ་བྱས་ཆོག།།
བྱམས་པ་ཆར་རྗེས་སྨུག་པ།།
རང་སེམས་རི་མོའི་འཇའ་རེད།།
རྩལ་དྲུག་འཛོམས་པའི་བུ་ཆུང་།།
གཞོན་པའི་བློ་ཁྲིད་ཡིན་འགྲོ།།
མི་ཁ་བཙན་ན་གཡུགས་ཤོག།།
ཨེ་ཁོག་བསམ་པ་མི་འདུག།།
སྐྱིད་ས་བདེ་ས་ཞིག་ནས།།
དབྱངས་རྟའི་རྒྱུད་སྐུད་དཀྲོལ་ཆོག།།
སྐྱིད་ས་བདེ་ས་ཞིག་ནས།།
དབྱངས་རྟའི་རྒྱུད་སྐུད་དཀྲོལ་ཆོག།།