བསམ་ཞིང་བསམ་ན་ཡིད་སེམས་སྡུག་པོ་རེད།
想着想着就很难受
ཚིག གངས་དབུས་འཚོལ།
作词:寻藏者
དབྱངས། བཀྲ་ཤིས་རྒྱ་མཚོ།
作曲:扎西加措
རྡུང་ལེན་པ། བཀྲ་ཤིས་རྒྱ་མཚོ།
演唱:扎西加措
ཁ་སང་དེ་རིང་སྤྱི་ཚོགས་ཇེ་སྐྱིད་རེད།།
དཀར་ནག་ལས་འབྲས་དྲན་ནི་ཇེ་ཉུང་རེད།།
རང་སྣང་དགུང་དང་མཉམ་པའི་གཅེས་ཕྲུག་ཚོའི།།
ཕ་མ་བུ་ཕྲུག་འཚོ་རྟེན་ལག་ཆ་རེད།།
~
སྒེག་ལྡན་བུ་མོ་རྒྱུ་ཆེན་བུ་ལ་དགའ།།
དབང་ཆེན་དཔོན་པོ་ལོ་ཆུང་མཛེས་མར་ཆགས།།
བརྩེ་བ་རྫུན་མ་ཞིག་གི་རུམ་ཁ་ནས།།
དྭ་ཕྲུག་མང་བོའི་ངུ་སྐད་གནམ་ས་འགུལ།།
~
ཆོས་ཆེན་བསྒྲུབ་ནོ་རྒྱུ་ཆེན་དཔོན་པོ་རེད།།
དད་སེམས་བརྟན་ནོ་རྒྱུ་མེད་དབུལ་བོ་རེད།།
མི་སེམས་རྒྱུ་ལ་འདྲེས་བའི་དངུལ་ཁང་ནས།།
ཕ་མར་གཅེས་ནོ་ཅང་མེད་བུ་ལོ་རེད།།
~
ཆ་འཕྲིན་གླིང་ན་ཁམས་བདེ་རྩེད་མོ་མང་།།
གཟའ་ཚང་བར་ན་ཀུ་རེ་དགོད་སྒྲ་མེད།།
དྲིན་ཆེན་ཕ་མར་འཕྲད་ན་ཨ་ལན་མེད།།
བསམ་ཞིང་བསམ་ན་ཡིད་སེམས་སྡུག་པོ་རེད།།