ཕ་ལོ་མ་ལོ།
感恩父母
ཚིག: དམངས་ཁྲོད།
词:民间
དབྱངས:དམངས་ཁྲོད།
曲:民间
ལེན་མཁན:མགོ་ལོག་གཞས་མ་གངས་སྐྱིད།
演唱:刚吉
ང་ད་ནང་ཡུལ་ནས་ཡོང་དུས་སུ།
དྲིན་ཕ་ལོ་ལངས་ནས་བསང་ཞིག་ཕུལ།
ཡར་འཁོར་ནས་ལྷ་ལ་ཕྱགས་གསུམ་ཚལ།
ངག་འདར་བཞིན་ང་ལ་ཁ་བརྡ་བྱོས།
ཨ་་་་ཨ་་་་་ཕ་ལོ་མ་ལོ་ལགས།
ངའི་དྲན་པའི་ངག་གི་གླུ་ཆུང་འདི།
ལོ་རྒས་པའི་ཕ་ལོ་ཁྱེད་ལ་ལེན།
~
ང་ད་ནང་ཡུལ་ནས་ཡོང་དུས་སུ།
དྲིན་མ་ལོ་ལངས་ནས་ཇ་ཞིག་བསྐོལ།
ངའི་སྙིང་གི་གཅེས་ཕྲུག་ཟེར་ཞོར་དུ།
ཞེ་སྨྲེང་བའི་མིག་ཆུ་སེམས་ལ་ལྷུང་།
ཨ་་་ཨ་་་་ཕ་ལོ་མ་ལོ་ལགས།
ངའི་དྲན་པའི་ངག་གི་གླུ་ཆུང་འདི།
དྲིན་མ་ལོ་ཁྱེད་ལ་སྐྱེས་སུ་ཕུལ།
~
ང་བུ་མོ་འདུག་ས་ས་མཐའ་རེད།
རླུང་སེར་བུ་ནམ་ཡོང་ཆ་མེད་རེད།
དགུང་ཉི་ཟླ་གཉིས་ཀ་མ་འཛོམས་ན།
ཁྱིམ་ཟ་ཁ་འཛོམས་པའི་སྐལ་བ་མེད།
ཨ་་་ཨ་་་་ཕ་ལོ་མ་ལོ་ལགས།
ས་འདི་རུ་དབྱར་ཟླ་ཚེས་དུས་ན།
ངག་སྙན་མོའི་རྟེན་འབྲེལ་རྒྱང་ནས་ཡོང་།