高原红 - 仁增卓玛
ན་ནིང་རྟ་རྒྱུག་གི་ཐོག་ནས།
རྒྱ་ཞྭ་ལེབ་མོ་གོན་པའི།
ཕྱོར་སོ་གསེར་གྱིས་ཤན་པའི།
བུ་ཆུང་སྙིང་རྗེ་ཞིག་མཐོང་བྱུང་།
ད་ལྟ་རྒྱུས་གོམས་མེད་ཀྱང་།
སྣང་བརྙན་དྲན་པ་ལ་འཁོར་ཡོང་།
ཁོ་བོའི་རྒྱ་ཞྭའི་ཟུར་གྱི།
མེ་ཏོག་ལྗང་སེར་གློ་དམར།
ད་རུང་ངའི་སེམས་ནང་ན་སྐྱེས་འདུག།
ཁྲི་འདུའི་ཁྲོམ་ཆེན་གྱི་དབུས་ནས།
ལུས་ཀྱི་འཁྲི་ཤིང་བརྗིད་པའི།
རལ་བའི་ལོ་འདབ་མཛེས་པའི།
འབྲོག་ཕྲུག་སྙིང་རྗེ་ཞིག་མཐོང་བྱུང་།
ཚིག་གསུམ་ཞུས་པ་མེད་ཀྱང་།
གོམ་ཆུང་སེམས་ནང་ལ་བླངས་བྱུང་།
དམར་སྨུག་ངོ་གདོང་དེ་ཡི།
སྤྱན་ཟུང་ཐོ་རངས་སྐར་ཆེན།
ད་རུང་ངའི་མིག་ལམ་ལ་ཤར་ཡོང་།
ནམ་མཁའ་གཅིག་གི་ནི་འོག་ན།
ས་གཞི་གཅིག་གི་སྟེང་ན།
མཉམ་དུ་གནས་ཡོད་བསམ་ན།
བློ་འགྱོད་ཆེན་པོ་ཞིག་མི་འདུག
ངེད་གཉིས་ཞེ་འགྲོགས་མིན་ཀྱང་།
ལོ་ཟླ་གྲངས་མེད་ལ་དྲན་བྱུང་།
ལུས་བདེ་སེམས་སྐྱིད་ངང་ནས།
ཁོ་བོས་སྐྱིད་ཅིག་མཐོང་བར།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ།