欢迎来到 小样儿目录

桑杰才让 - 爱人

爱人 - 桑杰才让
词:赞普
曲:旦正才让
MIDI:公保拉松
རྩྭ་རྩི་ཤིང་ལྡེམ་པའི་དུས་ཤིག་ལ།
ཐང་ཆེན་པོ་མེ་ཏོག་ཁྲ་ལམ་མེར།
དབྱར་ཕ་མ་རྒས་རྒྱུ་ཡོད་ཀྱང་རུང་།
གླུ་སིང་སིང་ལེན་གི་ན་ཆུང་མ།
སང་ནང་མོ་དབྱར་ཟླ་ཚེས་རྒྱུ་ཡོད།
ཆུང་རྩེད་རའི་ཁ་ཡ་ན་ཟླ་ཚོ།
རི་ལུང་པ་གཅིག་གི་ཕུ་ན་ཡོད།
ལས་སྐྱིད་སྡུག་གཅིག་གི་ཚེ་གྲོགས་ཡིན།
ཆར་ཟིལ་བ་འཁུར་བའི་དུས་ཤིག་ལ།
འབྲོང་བྲེ་ལོ་ཡ་གིའི་རྫ་ལམ་བསྙེགས།
འབྲི་ཐུལ་མའི་རྗེས་ལ་མ་ཆོད་རུང་།
སྐྲ་ལན་བུ་བསླེས་པའི་ན་ཆུང་མ།
ལུག་གཡང་དཀར་ད་རུང་སྤང་ན་ཡོད།
ནང་ཁྲོམ་པའི་ཁ་ཡ་ན་ཟླ་ཚོ།
སྦྲ་སྨུག་པོ་ཞིག་གི་འདབས་ན་ཡོད།
ལས་སྐྱིད་སྡུག་གཅིག་གི་ཚེ་གྲོགས་ཡིན།
热门歌词