根呷 - 缘起
ཨ་སྔོན་མཐོ་པོའི་མཐོ་པོའི་འོག་ན།།
གསེར་མདོག་གི་ཉི་མ་ཉི་མ་ཤར་དུས།།
མཛེས་སྡུག་གངས་རི་གངས་རི་ལྷག་པར་མཛེས།།
བདེ་སྐྱིད་དཔལ་ཡོན་ཤར་བའི་རྟེན་འབྲེལ་རེད།
རྩ་ཐང་ཡངས་པོའི་ཡངས་པོའི་སྟེང་ན།།
འཇའ་འོད་ཀྱི་གུར་ཁང་གུར་ཁང་ཕུབ་དུས།།
དཀར་དམར་མེ་ཏོག་མེ་ཏོག་ལྷག་པར་མཛེས།།
རྟ་ནོར་ལུག་གསུམ་འཕེལ་བའི་རྟེན་འབྲེལ་རེད།།
ས་ལའི་སྨན་ལྗོངས་སྨན་ལྗོངས་འདི་ན།།
སྦྲང་ཆར་ཟིལ་མ་ཟིལ་མ་འབབ་དུས།།
ཡ་གའི་འདབ་མ་འདབ་མ་ལྷག་པར་མཛེས།།
ཞིང་ལ་ལོ་ཏོག་འཕེལ་བའི་རྟེན་འབྲེལ་རེད།།
ཡ་གའི་འདབ་མ་འདབ་མ་ལྷག་པར་མཛེས།།
ཞིང་ལ་ལོ་ཏོག་འཕེལ་བའི་རྟེན་འབྲེལ་རེད།།
ཞིང་ལ་ལོ་ཏོག་འཕེལ་བའི་རྟེན་འབྲེལ་རེད།།
ཞིང་ལ་ལོ་ཏོག་འཕེལ་བའི་རྟེན་འབྲེལ་རེད།།