拉措 - 祝愿
作词 :赛秀热赛
作曲 :民间
音乐宣传:谢旦贴吧工作室
རིན་ཆེན་སེར་པོའི་གསེར་སྐུ་གཅིག།
དཀར་པོ་དུང་གི་མཆོད་རྟེན་གཉིས།།
འགྲན་ཟླ་བྲལ་བའི་ལེགས་བཤད་གསུམ།།
ཞི་བདེའི་དེད་དཔོན་ཁྱེད་ལ་འབུལ།།
བླ་མ་ལགས་མཛད་འཕྲིན་རྒྱས།
བླ་མའི་མཛད་འཕྲིན་རྒྱས་པར་ཤོག།
ཁ་ཟས་སྦྲང་དཀར་རྩམ་པ་གཅིག།
ཐུལ་དཀར་འབྲི་མོའི་འོ་ཞོ་གཉིས།།
ཞིམ་མངར་ཕུད་ཀྱི་མཆོད་པ་གསུམ།།
བྱམས་ལྡན་ཕ་མ་ཟུང་ལ་འབུལ།།
ཕ་མ་ལགས་སྐུ་ཚེ་བརྟན།
ཕ་མའི་སྐུ་ཚེ་བརྟན་པར་ཤོག།
དད་པོ་མཇལ་བའི་མཇལ་དར་གཅིག།
ནས་ཆང་སྔོན་མོའི་བདུད་རྩི་གཉིས།།
ལྷན་འཛོམས་སྐྱིད་པའི་དགོད་སྒྲ་གསུམ།།
ཕྱི་ཐག་རིང་བའི་གྲོགས་ལ་འབུལ།།
གྲོགས་པོ་ལགས་བསམ་དོན་འགྲུབ།
གྲོགས་པོའི་བསམ་དོན་འགྲུབ་པར་ཤོག།
པི་ཝང་དཀར་པོའི་དབྱངས་རྟ་གཅིག།
བོད་གཞས་སྙན་མོའི་འགྱུར་ཁུག་གཉིས།།
ཤ་རུས་གཅིག་པའི་བརྩེ་བ་གསུམ།།
བོད་རིགས་སྤུན་ཟླ་ཡོངས་ལ་འབུལ།།
སྤུན་ཟླ་ལགས་ཐུགས་སེམས་སྐྱིད།
སྤུན་ཟླའི་ཐུགས་སེམས་སྐྱིད་པར་ཤོག།