雪莲花 - 央金拉姆
词:白岗卓桑
曲:仁青闹日
音乐宣传:镜麦文化(谢旦贴吧工作室)
ཁྱེད་ཀྱིས་ང་ལ་གནང་བ་ས་བོན་ཡིན།།
ང་ཡིས་ཁྱེད་ལ་ཕུལ་བ་དྲོད་བཅུད་ཡིན།།
དགའ་སྐྱིད་ལྷན་འཛོམས་ལས་སྨོན་བཟང་པོ་ཡིས།།
མཐུན་པའི་མཛའ་བརྩེ་གངས་ལྷ་མེ་ཏོག་ཡིན།།
བདེ་སྐྱིད་ལམ་བུ་ང་གཉིས་ལག་ཏུ་ཡོད།།
ཡ་རབས་སྲོལ་བཟང་གཞིས་ཁྱིམ་དྲོན་མོར་བྱེད།།
ཕན་ཚུན་ཡིད་ཆེས་སྡོང་པོ་གཅིག་ཏུ་འབྲེལ།།
དྲག་ཆར་རླུང་འཚུབ་མང་ཡང་གནོད་མི་ཐུབ།།
དཔྱིད་གསུམ་དཔལ་མོས་དགའ་བའི་དབྱངས་རྟ་དཀྲོལ།།
དབྱར་གསུམ་སྦྲང་ཆར་སིལ་མས་ཕུར་ལྡིང་གཡོ།།
སྟོན་གསུམ་འབྲས་བཟང་དགའ་བའི་གར་ལ་རོལ།།
དགུན་གསུམ་གངས་ཀྱི་དགའ་བའི་མེ་ཏོག་བཞད།།
གངས་ལྷ་མེ་ཏོག
གངས་ལྷ་མེ་ཏོག ཨ།
ང་གཉིས་ཀྱི་བརྩེ་སེམས་མེ་ཏོག་ཡིན་ནོ།།