པར་ཁང་བཀྲ་ཤིས་སྒོ་མང་།吉祥印经院གཞས་ཚིག རུ་དམ་སྐལ་བཀྲ།གཞས་གདངས། རྫོགས་ཆེན་བསྟན་འཛིན།ལེན་མཁན། འཇམ་དབྱངས་སྒྲོལ་མ།作词:日当呷扎作曲:佐庆丹真演唱:降央卓玛མི་དབང་བསྟན་པ་ཚེ་རིང་།།གསེར་གྱི་ཁྲི་ལ་ཕེབས་སོང་།།པར་ཁང་བཀྲ་ཤིས་སྒོ་མང་།།ཁྲི་ཡི་ཏོག་ལ་གཙུགས་ཡོད།།པར་ཁང་བཀྲ་ཤིས་སྒོ་མང་།།ཁྲི་ཡི་ཏོག་ལ་གཙུགས་ཡོད།།སྡེ་དགེ་རིག་པའི་འབྱུང་གནས།།གཡུ་འབྲུག་སྟེང་ལ་ཆགས་སོང་།།པར་ཁང་བཀྲ་ཤིས་སྒོ་མང་།།འབྲུག་གི་ཕྱག་ལ་བབས་ཡོད།།པར་ཁང་བཀྲ་ཤིས་སྒོ་མང་།།འབྲུག་གི་ཕྱག་ལ་བབས་ཡོད།།བསོ་འོ་ཡ་ལ་་པར་ཁང་བཀྲ་ཤིས་སྒོ་མང་།།འབྲུག་གི་ཕྱག་ལ་བབས་ཡོད།།ལྷ་མཚོ་དྭངས་གསལ་མེ་ལོང་།།མེ་ཏོག་ནང་ལ་འཁྱིལ་སོང་།།པར་ཁང་བཀྲ་ཤིས་སྒོ་མང་།།མེ་ཏོག་རྩེ་ལ་མཆོད་ཡོད།།པར་ཁང་བཀྲ་ཤིས་སྒོ་མང་།།མེ་ཏོག་རྩེ་ལ་མཆོད་ཡོད།།ཁྲོ་ལ་གངས་ཀྱི་རྒྱལ་པོ།།མཐོན་པོ་དབྱིངས་ལ་ཟུག་སོང་།།པར་ཁང་བཀྲ་ཤིས་སྒོ་མང་།།མཐོན་པོའི་རྒྱན་ལ་བཞུགས་ཡོད།།པར་ཁང་བཀྲ་ཤིས་སྒོ་མང་།།མཐོན་པོའི་རྒྱན་ལ་བཞུགས་ཡོད།།བསོ་འོ་ཡ་ལ་་་པར་ཁང་བཀྲ་ཤིས་སྒོ་མང་།།མཐོན་པོའི་རྒྱན་ལ་བཞུགས་ཡོད།།བསོ་འོ་ཡ་ལ་་་པར་ཁང་བཀྲ་ཤིས་སྒོ་མང་།།མཐོན་པོའི་རྒྱན་ལ་བཞུགས་ཡོད།།