གང་རིའི་བུ་མོ།
雪域姑娘
词:尼玛东珠
曲:闹才
唱:扎西央宗
ལྷ་སའི་བུ་མོ་པད་མ་མེ་ཏོག་འདྲ།
ཁམས་པའི་བུ་མོ་གསེར་ཆེན་མེ་ཏོག་འདྲ།
གཙང་གི་བུ་མོ་སྐལ་བཟང་མེ་ཏོག་འདྲ།
ཀོང་པོའི་བུ་མོ་སྟག་མའི་མེ་ཏོག་འདྲ།
དེ་འདྲའི་བུ་མོ་སྙིང་རྗེ་མོ་ལ།
མཛེས་མ་བོད་ཀྱི་བུ་མོ་ཡིན།
~
བྱང་ཐང་བུ་མོ་སྤང་རྒྱན་མེ་ཏོག་འདྲ།
ལྷོ་ཁའི་བུ་མོ་སྲན་མའི་མེ་ཏོག་འདྲ།
མངའ་རེས་བུ་མོ་གངས་ལྷ་མེ་ཏོག་འདྲ།
ཨ་མདོའི་བུ་མོ་གུར་གུམ་མེ་ཏོག་འདྲ།
དེ་འདྲའི་བུ་མོ་སྙིང་རྗེ་མོ་ལ།
མཛེས་མ་བོད་ཀྱི་བུ་མོ་ཡིན།