欢迎来到 小样儿目录

卓玛加 - 雪莲花 (Live)

卓玛加 - 雪莲花 (Live)
作词:南杰加杨仓
作曲:岗尖巴
ཁ་བའི་མེ་ཏོག ཁ་བའི་མེ་ཏོག
དགུང་སྔོན་པོ་གར་གྱིས་བསྐྱོད་དུས་ཁྱེད་ནི་རླུང་རྟ་ཞིག།
ས་དོག་མོར་དལ་གྱིས་འབབ་དུས་ཁྱེད་སྨོན་འདུན་ཞིག།
ཆུ་གཙང་མོར་བརྩེ་བ་ཕུལ་དུས་ཁྱེད་ནི་གཏམ་རྒྱུད་ཞིག།
ཁ་བའི་མེ་ཏོག ཁ་བའི་མེ་ཏོག
ང་ཡིས་དར་རྒུད་དང་མཉམ་དུ་བསྐྱོད་པའི་ཁ་མའི་མེ་ཏོག།
ང་ཡི་ལས་དབང་དང་མཉམ་དུ་འབབ་པའི་ཁ་བའི་མེ་ཏོག།
ང་ཡི་ལོ་ཟླ་དང་མཉམ་དུ་བཞུར་བའི་ཁ་བའི་མེ་ཏོག།
ཨོ་་་་ཧོ་ཧོ།
ང་ནི་ཁྱེད་ཀྱི་གཟི་བརྗིད་དང་སྐྱོ་ངལ་འཐུ་བའི་སེམས་པ་དེ་ཡིན།
ང་ནི་ཁྱེད་ཀྱི་སྨོན་འདུན་དང་བརྩེ་བ་གྱེར་བའི་གླུ་ཆུང་དེ་ཡིན།
ང་ནི་ཁྱེད་ཀྱི་དབྱར་ཟླ་དང་མེ་ཏོག་བསུ་བའི་དྲོད་ཁོལ་དེ་ཡིན།
ཨོ། ཁ་བའི་མེ་ཏོག
ཁ་བའི་མེ་ཏོག ཁ་བའི་མེ་ཏོག
དྲོད་ཉི་མ་སེམས་ཀྱིས་བསུ་དུས་ཁྱེ་ནི་མིག་ཆུ་ཞིག།
བཙག་སེར་བུ་རླུང་ཁ་འགྲིམས་དུས་ཁྱེད་ནི་གཤོག་འགྱུར་ཞིག།
སྐྱིད་མི་རྟག་ཚ་བས་འཇོམས་དུས་ཁྱེད་ནི་ཟེགས་མ་ཞིག།
ཁ་བའི་མེ་ཏོག ཁ་བའི་མེ་ཏོག
ང་ཡི་བདེ་སྡུག་དང་མཉམ་དུ་འཁྱིལ་བའི་ཁ་བའི་མེ་ཏོག།
ང་ཡི་དུང་བ་དང་མཉམ་དུ་རྩེན་པའི་ཁ་བའི་མེ་ཏོག།
ང་ཡི་བདེན་དོན་དང་མཉམ་དུ་འཕྱོ་བའི་ཁ་བའི་མེ་ཏོག།
ཨོ་་་་་་་་་ཧོ་ཧོ།
ང་ནི་ཁྱེད་ཀྱི་རྒྱང་ལྟ་དང་རེ་སྒུག་ཁྲོད་ཀྱི་སེམས་པ་དེ་ཡིན།
ང་ནི་ཁྱེད་ཀྱི་ཡིད་ཆས་དང་སྤོབས་པ་སྤར་བའི་མེ་ལྕེ་དེ་ཡིན།
ང་ནི་ཁྱེད་ཀྱི་རྩྭ་ཐང་དང་ལུག་ཁྱུ་བསྲུང་བའི་དུང་བ་དེ་ཡིན།
ཨོ། ཁ་བའི་མེ་ཏོག
热门歌词