欢迎来到 小样儿目录

顿森 - 次仁拉索

次仁拉索 - 顿森
词:巴雅/顿森
曲:民间/巴雅/顿森
ཨེ།
ངེད་གཉིས་བར་གྱི་ལས་དབང་དེ་འདྲ་ལ།
ཨེ།
ངེད་གཉིས་བར་གྱི་ལས་དབང་རྡོ་ལ་བརྐོས་པ་འདྲ།
ཨེ།
ངེད་གཉིས་བར་གྱི་ལས་དབང་སེམས་ལ་ཟུག་པ།
ཨེ།
ངེད་གཉིས་བརྩེ་དུང་ནམ་ཡང་འགྱུར་བ་མེད་པ།
གྱེས་ནས་ཁེར་རྐྱང་འགྲོ་བའི་ལམ་ཁ་དེ།
བདག་གི་སེམས་གཏིང་སུས་ཀྱང་རྒྱུས་ཚོར་མེད།
སྨོན་པའི་ལས་འབྲས་བཟང་པོ་དེའི་འོག་ཏུ།
ངེད་གཉིས་ཡང་བསྐྱར་འཛོམས་པ་ལས་དབང་དངོས།
ཕ་རིའི་སྤངས་ཀྱི་སྟེང་ལ་ཚེ་རིང་ལ་བསོ།
ཨ་ཅེའི་ཞབས་ཕྱག་ལས་སོང་ཚེ་རིང་ལ་བསོ།
ཞབས་ཕྱག་ལས་ཀྱང་གྲག་ག་ཚེ་རིང་ལ་བསོ།
སང་ཞོགས་འཁྲོམ་ནས་ཉོས་ཆོག་ཚེ་རིང་ལ་བསོ།
ལས་དབང་དེ་ལ་ནམ་ཡང་།
གཏན་དུ་ཕྱིར་བཟློག་མེད་ཤོག
འཚོ་བ་དེ་ལ་ནམ་ཡང་།
གཏན་དུ་འགྱུར་མེད་གནས་ཤོག
ཨེ།
ངེད་གཉིས་བར་གྱི་ལས་དབང་དེ་འདྲ་ལ།
ཨེ།
ངེད་གཉིས་བར་གྱི་ལས་དབང་རྡོ་ལ་བརྐོས་པ་འདྲ།
ཨེ།
ངེད་གཉིས་བར་གྱི་ལས་དབང་སེམས་ལ་ཟུག་པ།
ཨེ།
ངེད་གཉིས་བརྩེ་དུང་ནམ་ཡང་འགྱུར་བ་མེད་པ།
热门歌词