欢迎来到 小样儿目录

彭毛德吉 - 藏家姑娘

བོད་པའི་བུ་མོ།
ཚིག འབའ་ཁུ་ལོ།
དབྱངས། ཤེར་བྷ།
གཞས་མ། ཕག་མོ་བདེ་སྐྱིད།
འབྲི་མོ་གཡང་གིས་བཞོ་བའི་ལྷས་ར་ན།།
ཁྱོད་ནི་རབ་དཀར་འོ་མའི་ཤག་སྒྲ་སྟེ།།
ཞོགས་པའི་ཉི་གཞོན་འཕྲོས་པའི་ཟེགས་མ་ཡིན།།
ཉི་ཐིག་ས་ལ་ལྷུང་བའི་དྲོད་ཤ་ཡིན།།
ལོ་ཡག་སྙེ་མ་ལྡེམ་པའི་ཞིང་ཁ་ན།།
ཁྱོད་ནི་ཟོར་ཆུང་ལེབ་མོའི་བྲེལ་ཤ་སྟེ།།
ཞོགས་པའི་རྩྭ་མགོར་ཆགས་པའི་ཟིལ་བ་ཡིན།།
ཟིལ་ཆུང་ས་ལ་འཐོར་བའི་ནེམ་ཤ་ཡིན།།
ཨོ་་་སོ་ཡ་ལ་སོ།
ཞོགས་པའི་རྩྭ་མགོར་ཆགས་པའི་ཟིལ་བ་ཡིན།།
ཟིལ་ཆུང་ས་ལ་འཐོར་བའི་ནེམ་ཤ་ཡིན།།
རི་དང་གཙང་པོ་གཉིས་ཀྱི་སྲུབས་ཀ་ན།།
ཁྱོད་ནི་གནམ་སའི་མཚམས་ཀྱི་གཏམ་རྒྱུད་དེ།།
ཉི་ཟླ་མགྲོན་ལ་བསུ་བའི་ལག་ཟུང་ཡིན།།
སྐར་ཚོགས་གྲངས་ཀ་བརྩི་བའི་མིག་ཟུང་ཡིན།།
ཁྱིམ་དང་ཞིང་ཚིགས་གྲུ་བཞིའི་བར་མཚམས་ན།།
ཁྱོད་ནི་རེ་བས་གཏམས་པའི་དགོད་སྒྲ་སྟེ།།
ལོ་གཡང་མཛོད་ལ་བཅུ་བའི་ཐོག་མ་ཡིན།།
གཞིས་ཁྱིམ་དྲོད་ལ་སྐྱིལ་བའི་སྔ་མ་ཡིན།།
ཨོ་་་སོ་ཡ་ལ་སོ།
ལོ་གཡང་མཛོད་ལ་བཅུ་བའི་ཐོག་མ་ཡིན།།
གཞིས་ཁྱིམ་དྲོད་ལ་སྐྱིལ་བའི་སྔ་མ་ཡིན།།
ཨོ་་་སོ་ཡ་ལ་སོ།
ལོ་གཡང་མཛོད་ལ་བཅུ་བའི་ཐོག་མ་ཡིན།།
གཞིས་ཁྱིམ་དྲོད་ལ་སྐྱིལ་བའི་སྔ་མ་ཡིན།།
热门歌词